ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཉེན་སེལ་རོགས་སྐྱོབ་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་ལས་གཞན། མཚོ་སྔོན་ཞིང་ཆེན་གྱི་ཉེན་སེལ་བདེ་འཇགས་འོས་འགན་གཏན་འབེབས་ཞེས་པར་གྲོས་མོལ་བྱས། དེ་མིན་ད་དུང་ས་ཁུལ་ཁ་ཤས་ཀྱི་ཞང་གྲོང་རྡལ་དུ་བསྒྱུར་པ་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཉེན་སེལ་བདེ་འཇགས་བྱ་བར་གཙིགས་ཆེན་བྱས་ཏེ། ས་གནས་དང་སྡེ་ཁག་སོ་སོའི་ཉེན་སེལ་བདེ་འཇགས་དོ་དམ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་ཉེན་སེལ་བདེ་འཇགས་ཀྱི་འོས་འགན་ལག་བསྟར་ནན་མོ་བྱས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་ཉེན་སེལ་བདེ་འཇགས་རྣམ་པ་རྒྱུན་མཐུད་ངང་ལེགས་ལམ་ལ་ཕྱོགས་ཀྱིན་ཡོད། ཉེན་སེལ་རུ་ཁག་བཅོས་སྒྱུར་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཉེན་སེལ་རོགས་སྐྱོབ་རུ་ཁག་གིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དགོངས་དོན་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ནས། འགན་སྒྲུབ་ཁག་ཁུར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་གཅིག་ཏུ་འདུ་བར་བྱེད་པ། ཚུལ་སྒྱུར་རིམ་སྤོར་མགྱོགས་མྱུར་ངང་སྤེལ་བ་བཅས་ལ་འབད་མཐར། སྤྱིའི་བྱ་བ་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཕྱིན་པ་དང་བརྟན་འཇགས་ཀྱི་ཁྲོད་ནས་གསར་སྒྱུར་བྱུང་ནས་ལེགས་པ་ནས་ལེགས་པའི་ཕྱོགས་སུ་འཕེལ་གྱིན་ཡོད་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།