ལིག་ཉིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་ལུགས་བྱ་བར་ཞིབ་འཇུག་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་ལུགས་བྱ་བར་ཞིབ་འཇུག་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་ཇེ་ཟབ་དུ་གཏོང་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོད་པ། འགན་འཁྲི་ཁུར་ཤུགས་ཇེ་དྲག་ཏུ་གཏོང་པ། ཐུན་མོང་གྱི་སྟོབས་ཤུགས་གཅིག་བསྡུས་ཤིག་གྲུབ་པར་བྱེད་པ་བཅས་ལ་འབད་དེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་ལུགས་བྱ་བ་སྤེལ་དགོས་པར་མ་ཟད། དེང་རབས་ཅན་ལ་ཁ་ཕྱོགས་པའི་མཚོ་སྔོན་གསར་པའི་འཕེལ་རྒྱས་ཀྱི་དཔེ་གཞི་ལེགས་པོ་བཟོ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་ལུགས་ལས་དོན་དངོས་སུ་སྤེལ་འགོ་བརྩམས་པ་ནས་བཟུང་། ས་གནས་དང་སྡེ་ཁག་སོ་སོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དཀྱིལ་སྙིང་དུ་འཛིན་པ་དང་སྐྱེ་ཁམས་སྔོན་དུ་འགྲོ་བར་བྱས་པ། ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་དང་དེང་རབས་ཅན་ལ་ཁ་ཕྱོགས་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ཐད་ལ་བསམ་གཞིགས་གནད་ཐིངས་བཏང་ནས། འཆར་འགོད་སྒྲིག་ལུགས་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་འགོད་རྩེ་རིམ་ཡིན་ལ། འཕེལ་རྒྱས་འཐབ་ཇུས་དང་འཕེལ་རྒྱས་རྣམ་པ་ཡི་མངོན་སྟངས་གཙོ་བོ་ཡིན་པར་མ་ཟད། མ་འོངས་པའི་འཕེལ་རྒྱས་ཀྱི་རྩ་བའི་ཆོས་ཉིད་ཀྱང་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ནི་རང་རྒྱལ་གྱི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་འབད་འབུངས་བྱེད་ཀྱིན་པའི་ལོ་རྒྱུས་ཀྱི་གནད་འགག་དུས་རབས་ཤིག་ཡིན་པས། དུས་རབས་ཀྱི་རྒྱབ་ལྗོངས་ལ་གོ་བ་མ་ནོར་པ་བླངས་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་ཁྱད་ཆོས་དང་གཞི་གཅིག་ཏུ་སྦྲེལ་ཏེ། མིག་སྔའི་མཚོ་སྔོན་གྱི་དགེ་མཚན་ཅི་ཡོད་ལ་ཞིབ་འཇུག་ལེགས་པོ་བྱས་མཐར། འཆར་འགོད་སྒྲིག་ལུགས་བྱ་བ་བཟང་པོར་བསྒྲུབ་པ་ལ་བཀོད་སྒྲིག་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གོང་གསལ་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།