ཀྲང་ཀོང་རོང་གིས་ཡུལ་ཤུལ་ཁུལ་དུ་རྟོག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་དུ།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི །  ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་ཚད་དང་གཞི་རིམ་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན།  དུས་རབས་གསར་བའི་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་ན།  ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་།  ལྷག་པར་དུ་མི་དམངས་འཐུས་ཚབ་ཚོགས་པའི་ལམ་ལུགས་ཀྱི་དགོངས་པ་གལ་ཆེན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་དགོས།  ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ནས།  ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་ཏེ།  ལག་ལེན་ལ་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་གཏོང་དགོས།   ཏང་གིས་འགོ་ཁྲིད་དང་།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སོགས་དམངས་ཆེན་བྱ་བའི་བརྒྱུད་རིམ་ཆ་ཚང་ནང་ཞུགས་པར་དངོས་འབེབས་བྱེད་དགོས།   ལུགས་མཐུན་དམངས་གཙོའི་སྒོ་ནས་ཁྲིམས་ལྟར་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ།  ལྟ་སྐུལ་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཤུགས་དྲག་ཏུ་བཏང་ནས།  ཏང་ཨུའི་ཇུས་ཆོད་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་།  རང་བདག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ།  ཞང་གྲོང་གི་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་གོ་སྐབས་དམ་འཛིན་བྱས་ནས།  རྨང་གཞི་བརྟན་པོ་དང་སྒྲིག་རིམ་མཐོར་འདེགས་བཏང་ནས།  ཧུར་ཐག་སྒོས་དུས་རབས་གསར་བའི་དམངས་ཆེན་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།