ཡན་ཅིན་ཧེ་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་སྔ་གཞུག་ཏུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་རྫོང་དང་ཏུའུ་ལན་རྫོང་། ན་གོར་མོ་བཅས་སུ་སོང་ནས། ས་གནས་དེ་དག་གི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་ཕན་འབྲས་སྲ་བརྟན། གཞི་རིམ་སྨན་བཅོས་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། 

ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། བརྗོད་དོན་སློབ་གསོའི་བྱ་འགུལ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས་ཤིང་། གནད་དོན་ལ་ཞིབ་ལྟ་ནན་མོ་བྱེད་པ་དང་ཞན་ཆ་དུས་ལྟར་གསབ་ནས། དམངས་ཚིས་ལེགས་བཅོས་དང་དམངས་ཚིས་ལ་འགན་སྲུང་བྱས་ཏེ་ཕན་འབྲས་ཅི་མང་ཐོབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།