ཡུལ་ཤུལ་འབའ་ཐང་ཆུ་བོའི་བརླན་སའི་སྐྱེ་ཁམས་མ་ལག་གཏན་གནས་ཞིབ་འཇུག་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་ལྔ་ཉིན།  ཡུལ་ཤུལ་འབའ་ཐང་ཆུ་བོའི་བརླན་སའི་སྐྱེ་ཁམས་མ་ལག་གཏན་གནས་ཞིབ་འཇུག་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།  མཛད་སྒོའི་ཡུལ་དངོས་སུ།   ཡུལ་ཤུལ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་དང་མཚོ་སྔོན་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་སློབ་གླིང་གཉིས་ཀྱིས་ཡུལ་ཤུལ་འབའ་ཐང་ཆུ་བོའི་བརླན་སའི་སྐྱེ་ཁམས་མ་ལག་གཏན་གནས་ཞིབ་འཇུག་ས་ཚིགས་མཉམ་འཛུགས་བྱེད་པའི་གྲོས་མཐུན་བཀོད།

ཐེངས་འདིའི་འབའ་ཐང་ཆུ་བོའི་བརླན་སའི་སྐྱེ་ཁམས་མ་ལག་གཏན་གནས་ཞིབ་འཇུག་ས་ཚིགས་བཙུགས་པ་དང་།   དེ་མིན་མཚོ་སྔོན་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་སློབ་གླིང་དང་མཉམ་དུ་ཞིབ་འཇུག་ས་ཚིགས་མཉམ་འཛུགས་བྱེད་པའི་གྲོས་མཐུན་བཀོད་པ་ནི་སྔར་ལས་ལྷག་པའི་སྒོ་ནས་འབའ་ཐང་ཆུ་བོའི་བརླན་སའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་བྱེད་ནུས་འདོན་སྤེལ་བྱས་ཏེ་ཡུལ་ཤུལ་གྱི་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་།  འབའ་ཐང་ཆུ་བོའི་བརླན་སའི་སྐྱེ་ཁམས་རིན་ཐང་ཇེ་མཐོར་གཏོང་རྒྱུ་དེ་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་གཉིས་ཀྱི་མཉམ་འཛུགས་གྲོས་མཐུན་གྱི་མཉམ་ལས་ནང་དོན་གཙོ་བོ་ནི་བརླན་སའི་སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་དང་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་བྱེད་ནུས་ལ་དཔྱད་འཇོག་བྱེད་པ་སོགས་ཡིན་པ་དང་།  དེ་ཡིས་འབའ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་དེའི་མཐའ་འཁོར་གྱི་ཆུ་དཔྱད་དང་གནམ་གཤིས། ཆུའི་ཁོར་ཡུག   རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས། ས་རྒྱུ་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་ལྟ་ཞིབ་ དང་དཔྱད་འཇོག  ཞིབ་འཇུག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།