མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་2019ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཀྱི་ཚོང་འགུགས་དངུལ་འདྲེན་བྱ་བར་བསྐྱར་དུ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཅན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་ཀྱི་ཚོང་འགུགས་དངུལ་འདྲེན་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཚོང་འགུགས་དངུལ་འདྲེན་ལས་དོན་སྤེལ་བའི་གནས་ཚུལ་ཉན་ནས། རྟིང་སྣོན་དུས་རིམ་གྱི་བྱ་བར་བསྐྱར་དུ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཐོ་རིམ་གླེང་སྟེགས་མི་འགྱངས་བསྡུ་ལ་ཉེ་བའི་སྐབས་འདིར། ས་གནས་དང་སྡེ་ཁག་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གོ་སྐབས་དམ་འཛིན་བྱས་ནས། ཤུགས་ཆེན་པོས་ཚོང་འགུགས་དངུལ་འདྲེན་བྱ་བ་དམ་པོར་འཛིན་དགོས། ཞབས་ཞུ་ནི་ཚོང་འགུགས་དངུལ་འདྲེན་གྱི་རྨང་གཞི་གལ་ཆེན་ཏུ་བརྩིས་ཏེ་ཉོ་ཚོང་ཁོར་ཡུག་ལ་ལེགས་བཅོས་གཏོང་དགོས་པ་དང་། ཉོ་ཚོང་གི་མཁའ་དབུགས་ལེགས་པོ་བསྐྲུན་ནས། སྒོ་འབྱེད་དང་དཀྱེལ་ཡངས་ཀྱི་རྣམ་འགྱུར་བཟུང་ནས་ཚོང་འགུགས་དངུལ་འདྲེན་བྱ་བའི་འོས་འགན་ཡོངས་འགྲུབ་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།