མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་སྟོང་དོན་བཞུགས་མོལ་ཚོགས་འདུ་བསྡུས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་སྟོང་དོན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཚོགས་ཐོག་ནས་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་བྱ་བའི་ཁྲོད་གནས་པའི་གནད་དོན་དང་བྱ་བའི་བསམ་ཕྱོགས་ཀྱི་སྐོར་ནས་སྟོང་དོན་གཏམ་བཤད་བྱས་པར་མ་ཟད། ལས་རིགས་གཙོ་བོའི་ཕྱོགས་ནས་སྦྲེལ་མཐུད་འབྲེལ་གཏུག་བྱས། ཝང་ཡུས་ཡན་གྱིས་བསྟན་དོན། ད་ལོ་ནས་བཟུང་། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་རྩ་འཛུགས་ལམ་ཕྱོགས་ཞབས་ཞུ་ཡི་ཆབ་སྲིད་ལམ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། རང་རྟོགས་སྒོས་བྱས་རྗེས་འཇོག་པ་དང་འགན་གཙང་ལེན་བྱས་ནས། ལས་རིམ་ཁག་སོ་སོའི་བྱ་བར་གྲུབ་འབྲས་ངེས་ཅན་བླངས་ཡོད། ལོ་སྨད་ཀྱི་བྱ་བ་བཟང་པོར་བསྒྲུབ་པ་ལ་ཅིས་ཀྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་རྩ་འཛུགས་བྱ་བའི་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།