༢༠༡༩ལོའི་ཐེམ་ཆེན་རྫོང་དྲུག་པའི་ཀླུ་རོལ་སྒྱུ་རྩལ་དུས་ཆེན་དང་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་པོ། ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་བདེ་ལེགས་ངང་འགོ་བརྩམས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཟླ༨པའི་ཚེས༦ཉིན། ཐེམ་ཆེན་རྫོང་དྲུག་པའི་ཀླུ་རོལ་སྒྱུ་རྩལ་དུས་ཆེན་དང་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་པོ། ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་བདེ་ལེགས་ངང་འགོ་བརྩམས། མཛད་སྒོའི་སྟེང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲིན་ཡོན་ཚེ་དང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲང་ཡ་པང་། ཁུལ་དམངས་ཆེན་མི་རིགས་དང་ལྟ་སྐུལ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལ་ཧེ་ཡུན། རྫོང་ཨུ་ཧྲུའུ་ཅུ་མ་ཞོ་ཐེ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱིའི་རྩོམ་སྒྲིག་པ་གཞོན་པ་ཀྲང་ཞོ་བུས། ཁུལ་རྒྱལ་སྤྱིའི་མ་རྩའི་འགན་འཛིན་པ་ཡན་ལས་གོང་། ཐེམ་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་ལྷ་རྒྱལ། ཐེམ་ཆེན་རྫོང་སྲིད་གྲོས་ཀྲུའུ་ཞི་ཧི་ཙི་པོ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ཐོན་ཁུངས་གསར་སྤེལ་ཁྲུའུ་ཁྲུའུ་ཀྲང་གཞོན་པ་ཀྲང་ཧྲུའུ་མེན། ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་ཅུའུ་ཀྲང་གཞོན་པ་ཚེ་རིང་མཚོ་སོགས་དང་རང་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་ད་ངརྒྱ་ཆེའི་མང་ཚོགས་དག་འགོ་རྩོམ་མཛད་སྒོར་ཞུགས།

W020190806545391058825.jpg

མཛད་སྒོར་རྫོང་ཨུའི་རྒྱུན་ཨུ། རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་གཡང་ཅིན་ཧྲན་གྱིས་འགོ་འཛིན་བྱས་ལ་རྫོང་ཨུའི་ཧྲུའུ་ཅུ་མ་ཞོ་ཐེ་ཡིས་གཏམ་བཤད་གནང་། ཐེངས་འདིའི་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཚན་པ་གསུམ་དུ་དགར་ཡོད་ལ། ཚན་པ་དང་བོ་ལ་བརྗིད་ཉམས་ལྡན་པའི་མེས་རྒྱལ།ཡིད་དབང་འཕྲོག་པའི་ཕ་ཡུལ་འབོད།དེ་ཡི་ནང་དུ་རྫོགས་ལྡན་དུས་ཀྱི་སྐལ་བ་བཟང་བོ་ལ་བསྟོད་པའི་གླུ་དབྱངས་དང་དམངས་གླུ  ཞབས་བྲོ་སོགས་ཀྱིས་མཚོན་པའི་རིག་རྩལ་འཁྲབ་སྟོན་ཇ་ནོམ་པ་ཞིག་གཟིགས་མོ་ཀུན་གྱི་སྤྱན་སྔར་ཕུལ་ལ། ཚན་པ་གཉིས་པ་དག་ཞིང་གི་ཐེམ་ཆེན། མཐོ་ཡུལ་གྱི་འབྲོག་ར་ཅེས་པའི་ནང་དུ་ཕ་ཡུལ་གྱི་རི་ཆུའི་བཀོད་པ་དང་ཡུལ་སྲོལ་གོམས་གཤིས་སོགས་ས་གནས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ། གར་གྱི་སྟངས་སྟབས་དང་གླུ་ངག་གི་དབྱངས་རྟ་ལ་དྲངས་ནས་མཚོན་པར་བྱས་ཡོད། ཚན་པ་གསུམ་པ་མི་རིགས་མཐུན་སྒྲིལ།འཆམ་མཐུན་ཁྱིམ་གཞིས་ཞེས་པའི་ནང་དུ་རིགས་སོ་སོའི་གླུ་བ་གླུ་མ་དང་གར་མཁན་རྣམ་གྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། ཞི་མཐུན་མཉམ་གནས་བརྗོད་དོན་དུ་བཟུང་བའི་གླུ་དབྱངས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཏེ། ཕྱོགས་ཀུན་ནས་ཕེབས་པའི་སྐུ་མགྲོན་ཡོངས་ལ་མིག་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་མགུ་གང་བ་ཞིག་བསྩལ།

3.jpg

ཐེངས་འདིའི་མཛད་སྒོ་རུ་མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་ཚོགས་པའི་མི་རིགས་གླུ་གར་ཚོགས་པ་དང་མཚོ་ལྷོའི་གླུ་བ་བསམ་འགྲུབ་ཚེ་རིང་དང་གླུ་མ་གདུགས་མོ་སྐྱིད།མཚོ་བྱང་གི་གླུ་བ་བཀྲ་ཤིས་རྣམ་རྒྱལ་དང་རྡོ་རྗེ་ཚེ་བརྟན། མཚོ་ནུབ་གྱི་གླུ་བ་ལེ་གོ་ཆིན་དང་གླུ་མ་ས་རིན་ན་སོགས་ཆེད་དུ་གདན་འདྲེན་ཞུས་ནས་ཐུན་མིན་ངག་རིག་སྒྱུ་རྩལ་གྱི་ཞིང་ས་རུ་དགའ་བའི་དཔལ་སྟེར་ཐུབ་པའི་དྲུག་པའི་གླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་གྱི་དུས་སྟོན་ལ་རོལ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།