མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་ཞིབ་སྡུར་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཞིབ་སྡུར་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། དཀའ་སྤྱད་འབད་འཐབ་བྱས་ཏེ། སྲིད་གྲོས་བྱ་བའི་རྣམ་པ་གསར་བ་བསྐྲུན་པའི་བརྗོད་དོན་ལ་དམིགས་ནས་ཞིབ་སྡུར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་ཀྲང་ཧྲིག་ཁྲིན། ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དྲུག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་དུས་རིམ་སྔོན་མའི་གཅིག་བསྡུས་སློབ་སྦྱོང་ནང་དོན། རྟོག་ཞིབ་སྤེལ་བའི་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ནས། བརྗེ་རེས་གཏམ་བཤད་བྱས།

རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་སྐབས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གྲོས་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་འགན་སྒྲུབ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། བྱ་བ་བརྟན་བརླིང་ངང་སྤེལ་ལ། བརྗོད་དོན་སློབ་གསོ་གོ་རིམ་ལྡན་ཞིང་ཕན་པ་ཡོད་པའི་སྒོ་ནས་སྤེལ་ཏེ། བྱ་བ་སྣ་ཚོགས་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་གོ་རིམ་རྗེས་མའི་བྱ་བ་དམ་འཛིན་བྱེད་པའི་ཐད་ནས་རེ་བ་གསལ་བོ་བཏོན། ཁོས་ནན་གྱིས་བསྟན་དོན། འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་ཉིན་རྒྱུན་གྱི་བཀོད་སྒྲིག་དང་གཅིག་གྱུར་མཐུན་སྦྱོར། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། སྤུས་ཚད་དང་ཕན་འབྲས་ནམ་ཡང་གོ་གནས་དང་པོར་འཇོག་པ་དང་། ཉམས་ཞན་དུས་རིམ་དང་མི་འདང་སར་དོ་སྣང་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་ཞིབ་སྡུར་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།