ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཡན་ཅིན་ཧེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཚད་གཞི་དང་རེའུ་མིག་ལྟར་ལག་བསྟར་དམ་འཛིན་བྱེད་དགོས་ཟེར།
ཡན་ཅིན་ཧེ་ཡིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོས་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་བརྟན་བརླིང་ངང་རྣམ་པ་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱས་ནས། རྣམ་པ་གསར་བའི་གྲོང་གསེབ་ཅན་ཐད་སྒུལ་ཤུགས་འདོན་སྤྲོད་བྱེད་པ་དང་ཞིང་བ་སྡོད་དམངས་ཅན་དུ་བསྒྱུར་བའི་ཐད་ཞབས་འདེགས་བཟང་བོ་ཞུ་བ། གྲོང་ཁྱེར་ཐོན་ཁུངས་ཅན་དུ་བསྒྱུར་བའི་ཆ་རྐྱེན་བསྐྲུན་པ། གྲོང་ཁྱེར་དང་ཞང་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་འདིང་དགོས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམིགས་ནས་དཀའ་ཁག་ཁྱད་སེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དབུལ་བོ་དབུལ་ནག་མེད་པར་བྱེད་པར་ཁག་ཐེག་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་གཙོ་གནད་བྱ་བ་བཟང་བོར་བསྒྲུབ་པ། དམངས་ཚིས་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་དམ་འཛིན་བྱེད་པ། ལས་ཞུགས་ལས་སྐྲུན་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ། འཕྲོད་བསྟེན་བདེ་ཐང་བྱ་བ་བརྟན་བརླིང་ངང་སྤེལ་ནས། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་ལག་བསྟར་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩི་བ། ཕྲག་བབ་འོས་འགན་ཁུར་དུ་ལེན་པ་དང་། བསྒྲུབ་དགོས་པའི་བྱ་བ་བཟང་བོར་སྒྲུབ་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་ཚོགས།