ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཚིས་བྱ་བ་བཟང་པོར་བསྒྲུབ་དགོས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ཏེ། དམངས་ཚིས་དོན་དངོས་ནས་འགོ་བརྩམས་ཏེ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས་ཟེར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཚོགས་འདུར་ཞུགས།

ལིག་ཉིང་གིས་ནན་གྱིས་བསྟན་དོན། དམངས་ཚིས་བཟོ་སྐྲུན་ནི་དམངས་སེམས་ཀྱི་བཟོ་སྐྲུན་དང་རྒྱུ་འབྲས་དྲང་བདེན་གྱི་བཟོ་སྐྲུན་ལེགས་པོ་ཞིག་ཡིན་པས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་འཐུང་ཆུ་བདེ་འཇགས། ཉི་འོད་ནུས་པའི་དབུལ་སྐྱོར། གསང་སྤྱོད་གསར་བརྗེ་སོགས་ཀྱི་བྱེད་ཐབས་ལ་བརྟེན་མཐར། དམངས་ཚིས་བཟོ་སྐྲུན་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།