མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་གྲོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་དངོས་སུ་གྲོལ་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁོན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་། དེ་མིན་ད་དུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་བསྡོམས་མི་ང་བདུན་ཚོགས་འདུར་ཞུགས་པས། དེ་ནི་ཁྲིམས་བཀོད་མི་གྲངས་དང་མཐུན། ཀྲང་ཀོང་རུང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་འགོ་འཛིན་བྱས།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བསྐྱར་བཅོས་མ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་གཏན་འབེབས་ཞེས་པ་སོགས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་ལས་རིམ་ལ་གྲོས་འཆམ་བྱུང་བ་དང་། བློ་མཐུན་ཝང་ཡུས་པོ་ཡི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་གོ་གནས་མི་འཁུར་བའི་རེ་འདུན་ལ་ཆོག་མཆན་ཐོབ་ནས། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐོ་འགོད་སྙན་ཞུ་ཕུལ།

གྲོས་ཚོགས་ལས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།