མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་སྔོན་དུ་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྔ་ཉིན་སྟེ། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་སོགས་གཙོས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་སོ་སོར་མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་བཅས་ཀྱི་སར་ཆེད་དུ་འཚམས་འདྲིར་སོང་ནས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ། དམག་ཁོངས་ལས་བུད་པའི་དམག་མི། གསར་བརྗེའི་དམག་མི་རྨས་སྐྱོན་ཅན། སྔོན་གཤེགས་དཔའ་བོའི་ཁྱིམ་མི། རྒྱ་ཆེ་བའི་དམངས་དམག་གྲ་སྒྲིག་དམག་ཞབས་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཝང་ཅན་ཅུན་ཐོག་མར་མེ་ཤུགས་འཕུར་མདའ་དམག་མིའི་བཀོད་འདོམས་པུའུ་ཡོད་སར་སོང་ནས། མཚོན་ཆ་བཀོལ་སྤྱོད་སྦྱོང་བརྡར་བྱ་བ་དང་དམག་དཔུང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་བལྟས་རྗེས། དམག་དཔུང་དེང་རབས་ཅན་བསྐྲུན་ནས་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་ཏེ། དམག་དཔུང་གི་དཔོན་དམག་རྣམས་ཀྱིས་རྨང་རྐང་ཚུགས་པར་བྱེད་པ་དང་ཉམས་སད་ཐེག་ཐུབ་པ། འབད་འཐབ་བྱེད་ཕོད་པ། བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་ས་མཐོའི་མེ་ཤུགས་འཕུར་མདའ་དཔག་མིའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ནས། མེ་ཤུགས་འཕུར་མདའ་དམག་དཔུང་གི་གཟི་ཉམས་ངོམ་ཅི་ཐུབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཝང་ཅན་ཅུན་གྱིས་འཚམས་འདྲིའི་ཁྲོད་དུ་བཤད་རྒྱུར། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་རྣམས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ནས། རང་རྟོགས་སྒོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། རང་ཉིད་དང་ལས་ཀ འགན་འཁྲི་བཅས་རང་རྒྱུད་ལ་སིམ་པར་བྱེད་དགོས། དམག་གྲབས་དང་གཡུལ་འཐབ་གཅིག་ཏུ་འདུ་བར་བྱེད་པ་དང་རྒྱལ་ཁ་ལེན་པའི་ནུས་པ་སྦྱོང་བརྡར་བྱེད་པ། བརྗོད་དོན་སློབ་གསོའི་ལག་ལེན་དངོས་དང་གྲུབ་འབྲས་མིག་མཐོང་ལག་ཟིན་ལ་བརྟེན་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ལིག་ཉིང་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ཡོད་སར་ཡོང་ནས། དམག་དཔུང་གི་གཟི་བརྗིད་འགྲེམ་ཁང་དང་མལ་ཁང་སོགས་ལ་དངོས་བཅར་བྱས་ཏེ། དམག་དཔུང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་དཔོན་དམག་གི་ཉིན་རྒྱུན་གྱི་འཚོ་བར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བརྒྱ་ཤོག་གི་ཛ་དྲག་རང་འགུལ་སྦྱོང་བརྡར་འཁྲབ་སྟོན་དང་ཉིན་རྒྱུན་སྦྱོང་བརྡར། གཟི་བརྗིད་འཁར་རྔ་རུ་ཁག་སོགས་ཀྱི་གཞི་རིམ་རིག་གནས་འཛུགས་སྐྲུན་འགྲེམ་སྟོན་ལ་བལྟས། ལིག་ཉིང་གིས་བཤད་རྒྱུར། རྒྱ་ཆེ་བའི་དཔོན་དམག་རྣམས་ཀྱིས་མཐོ་སྒང་ནས་རྐང་ཚུགས་པར་བྱས་ཏེ། ལང་ཚོ་དང་དཀའ་སྡུག་གི་རྔུལ་ཆུ་ལ་བརྟེན་ནས་གཟི་འོད་འབར་བའི་ལོ་རྒྱུས་གསར་སྐྲུན་བྱེད་དགོས་ཟེར།

ཆུའུ་ཞིན་ཡོང་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།