རྨ་ལྷོ་ཁུལ་གྱིས་ཨ་མདོའི་དམངས་གླུ་འགྲན་བསྡུར་སྐབས་གཉིས་པ་གཟབ་རྒྱས་ངང་སྤེལ།

12.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། བསོད་ནམས་རྒྱལ།)ཟླ7པའི་ཚེས30ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་བརྗོད་དོན་དུ་བཟུང་སྟེ།  ཀྲུང་གུང་རྨ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་དང་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ། རྨ་ལྷོ་ཁུལ་ཁམས་ར་ལྗོངས་ཁུལ་དོ་དམ་ཨུ་ལྷན། གཅན་ཚ་རྫོང་མི་དམངས་སྲིད་གཞུང་། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་འགན་སྒྲུབ་དང་། རྫོང་བཞིའི་རིག་གནས་ཁང་དང་ཁམས་ར་བོད་ཁྱིམ་གསོལ་མགྲོན་གླིང་གིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་གྱི་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ལས་ཨ་མདོའི་དམངས་གླུ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཁམས་ར་བོད་ཁྱིམ་གསོལ་མགྲོན་གླིང་དུ་གཟབ་རྒྱས་ངང་སྤེལ། 

1.jpg

2.jpg

3.jpg

ཐེངས་འདིར་ཀན་ལྷོ་དང་། མཚོ་ཤར། མཚོ་ལྷོ། མཚོ་ནུབ། མཚོ་བྱང་སོགས་ས་ཁུལ་སོ་སོ་ནས་ཡོང་བའི་དམངས་ཁྲོད་ཀྱི་གཞས་པ40ལྷག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཡོད།  

ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ་གླུ་བ་གླུ་མ20རྟིང་རྩོད་འགྲན་བསྡུར་ལ་ཞུགས་པ་དང་།   རྟིང་རྩོད་འགྲན་བསྡུར་ཁྲོད་ཀན་ལྷོའི་གླུ་མ་ཚེ་རིང་མཚོ་ལ་བྱ་དགའ་ཨང་དང་པོ་དང་། ཧི་ནན་རྫོང་གི་གླུ་མ་བདེ་སྐྱིད་དང་གཅན་ཚ་རྫོང་གི་གླུ་བ་ཚེ་བྷོ་གཉིས་ལ་བྱ་དགའ་ཨང་གཉིས་པ། ཤ་བོ་སངས་འབྲུག་དང་རིན་ཆེན་དཔལ་ལྡན།  བརྟན་སྲུང་སྐྱབས་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ལ།  གཞན་ཡང་གླུ་བ་གླུ་མ14ལ་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། ས་གནས་ཁག་གི་རིག་གནས་ཁང10ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་གནང་།

4.jpg

5.jpg

6.jpg

ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཁུལ་གྱིས་དམངས་ཁྲོད་རིག་གནས་དར་སྤེལ་གཏོང་རྒྱུ་དེ་རང་ཁུལ་གྱི་ལས་འགན་ལ་བརྩིས་ནས་ཨ་མདོའི་བོད་ཀྱི་དམངས་གཞས་འགྲན་བསྡུར་སོགས་བྱེད་སྒོ་སྤེལ་བ་དང་། དེས་དམངས་གླུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད་ལ། མི་རིགས་དང་དམངས་ཁྲོད་ཀྱི་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་དར་སྤེལ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

7.jpg

8.jpg

9.jpg

10.jpg

13.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།