ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་ལོ་རེར་གཙོ་སྒྲུབ་མཛད་བཞིན་པའི་2019ལོའི་འཕྲིན་གཏོང་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།

22_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་30ཉིན། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་(ལས་བྱེད་པའི་སློབ་གསོའི་སློབ་གླིང་)གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་2019ལོའི་འཕྲིན་གཏོང་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་འཚོགས་པ་རེད། ཀྲུང་གོའི་གསར་འགྱུར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ། ཁམས་པ་བརྙན་འཕྲིན་ཁང་སོགས་ནས་ཐོན་པའིི་སྨྱན་སྦྱོར་ལས་ཁུངས་དང་སྡེ་ཁག་15ཡི་འཕྲིན་གཏོང་སློབ་མ་30ལྷག་ཙམ་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད། 

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་སྔོན་གྱི་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་གཙོ་ཅིན་ཀྲི་ཀའོ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གསུང་བཤད་མདོར་བསྡུས་གནང་བ་དང་། དེ་རྗེས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲུང་གཞོན་པ་མཱ་ཝིན་པིའོ་སོགས་ཀྱི་ཆེད་མཁས་པས་སྔ་རྗེས་སུ་འཆད་ཁྲིད་བྱས་པ་རེད།

1_副本1.jpg

གསོ་སྦྱོང་འཛིན་གྲྭའི་ཡུལ་དངོས། 

ཤེས་རྟོགས་བྱུང་བ་ལྟར་ན། ཚེས་29ནས་ཚེས་31བར་གྱི་དུས་ཡུན་ཉིན་གསུམ་གྱི་རིང་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཆེད་དུ་བཀོད་སྒྲིག་བྱས་པའི་འཆད་ཁྲིད་སློབ་སྦྱོང་གི་བྱ་བའི་མཇུག་ལེགས་པར་གྲུབ་རྗེས། ཟླ་8པའི་ཚེས་1ཉིན་ནས་བཟུང་གསོ་སྦྱོང་སློབ་མ་རྣམས་ཚོ་ཆུང་གཉིས་སུ་བགར་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་སོ་སོར་སོང་ནས་དུས་ཡུན་ཉིན་5ཡི་རིང་ས་གནས་རང་བཞིན་གྱི་བཅར་འདྲི་བྱེད་འཆར་ཡོད་པ་རེད། 

གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ཡོད་པ་རེད་ཅེས་བཤད་པ་མ་ཟད། སྨྱན་སྦྱོར་ལས་སྒྲུབ་པ་ཞིག་ཡིན་པའི་ངོས་ནས་མང་ཚོགས་གཞི་རྩར་བཟུང་སྟེ། ཡང་དག་པའི་ཏང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲིའི་ལས་འགན་ལག་བསྟར་དོན་འཁྱོལ། ཤེས་རྟོགས་དང་ཉམས་ལེན་མཉམ་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་པར་སྟོབས་ཤུགས་གང་ལེགས་འབུལ་བའི་དུས་རབས་གསར་བའི་མགྲིན་ཚབ་པ་ཞིག་བྱེད་དགོས་པའི་ངོས་འཛིན་ཟབ་མོ་ཐོབ་སོང་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།