མགོན་པོ་བཀྲ་ཤིས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཏང་གི་ཆེད་དོན་སློབ་ཁྲིད་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་།དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ།ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་སློབ་འཐུས་མི་རྣམས་ལ།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཏང་གི་ཆེད་དོན་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལས་སྐལ་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ།རིགས་སོ་སོའི་མི་དམངས་དང་མི་རིགས་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་པ་བརྗོད་གཞིར་བཟུང་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ཏེ།མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་ངོས་ཟིན་དང་མྱོང་སྣང་ཅི་རིགས་ལྷག་ལུས་མེད་པར་བཤད།མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཡིན་ལ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ནི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་རྒྱུན་འཁྱོངས་བྱས་ནས་མཚོ་སྔོན་ཡུན་སྐྱོང་བདེ་འགོད་བྱེད་པའི་སྲིད་ཇུས་ལེགས་པོ་ཡིན།སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལས་སྐལ་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་དང་།རིགས་སོ་སོའི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་འདུ་ཤེས་ཇེ་བརྟན་དུ་གཏོང་བ།འཕེལ་རྒྱས་དང་འདྲ་མཉམ།མཐུན་སྒྲིལ།རོགས་རེས།འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ།མུ་མཐུད་དུ་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ།མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཚོ་སྔོན་གྱི་ས་གཞིའི་སྟེང་ནས་ལྷུག་པོར་བཞད་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།