རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡུལ་ཤུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཁུལ”ཞེས་པའི་མིང་བཏགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས25ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་གཉེར་བའི་ཡུལ་ཤུལ་གྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་དང་གངས་ལྗོངས་གེ་སར་རིག་གནས་དུས་ཆེན་དང་གཙང་གསུམ་ཆུ་འགོའི་རིག་གནས་དུས་ཆེན་ཐོག རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་གཞོན་པ་ལི་ཀྲུང་ཞུས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཁུལ་ཞེས་པའི་མིང་འདོགས་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱོང་བྱས་པ་མ་ཟད། ཡུལ་ཤུལ་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཁུལ་”ཞེས་པའི་གཟི་བརྗིད་བྱང་བུ་ཡང་སྤྲད་པ་རེད། 

 ཡུལ་ཤུལ་ཁུལ་གྱི་མི་འབོར་བསྡོམས་འབོར་ཁྲི50.66ཟིན་པ་དང་། དེའི་ནང་དུ་བོད་རིགས་ཀྱིས་མི་འབོར་བསྡོམས་འབོར་གྱི98%བཟུང་ཡོད། 2013ལོའི་ཟླ6པར། ཡུལ་ཤུལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གཏོད་པའི་དུང་བརྡ་ཕྱོགས་ཡོངས་ནས་དངོས་སུ་གྲགས་པ་མ་ཟད། འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཡུལ་ཤུལ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་བསམ་པའི་རིག་གནས་ཀྱི་མཐོ་སར་སླེབས་པའི”དམིགས་ཚད་ཀྱང་བཏོན་པ་རེད། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་ཁུལ་གྱིས་ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མིག་སྔར་རྫོང་གི་རིམ་པ་གཉིས་པའི་སྣུམ་ནག་གཞུང་ལམ་ཁྱོན་ཡོངས་སུ་ཁྱབ་ལ། ཤང་གྲོང93%གྱི་གཞུང་ལམ་ཤར་གཏོང་བྱས་ཡོད་པ་དང་། འཕྲིན་གཏོང་ཁྱབ་ཚད80%ཡན་ཟིན་ཡོད། རླུང་བརྙན་འཕྲིན་ཁྱབ་ཚད95%ཡན་ཟིན་ཡོད་པ་རེད། 330KVགློག་དྲ་ཆེན་པོ་དང110KVགློག་དྲའི་གྲོང་ཁྱེར་དང་རྫོང་དྲུག་གི་དྲ་སྦྲེལ་འདུ་འགོད་ལག་ལེན་བསྟར་ནས་ཡུལ་ཤུལ་དུ་གློག་དྲ་ཆེན་པོ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ལ། མང་ཚོགས་ཁྲི29ཡི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པ་རེད། 

《གཏན་འབེབས》ནང་ཡུལ་ཤུལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་དེ་གར་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དོན་ཐོག་འཁྱོལ་བའི་ཐད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་དཔེ་སྟོན་གྱི་དོན་སྙིང་དང་ནུས་པ་ལྡན་པ་དང་། རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་ལས་དོན་ཐད་རྩ་ཆེའི་ཉམས་མྱོང་བཏོད་ཡོད། ཡུལ་ཤུལ་ཁུལ་ལ་ད་ཐེངས་ཀྱི་མིང་བཏགས་པ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མུ་མཐུད་མདུན་སྐྱོད་བྱས་ཏེ་མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་རྒྱུར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།