2019ལོའི་རྒྱལ་ཡོངས་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བཤམ་རྡོ་རིག་གནས་འགྲེམ་ཚོགས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་པ།


cc0e8ec7bfdb6fefd7f96a2fce61af72.jpg

བྱ་དགའ་ཐོབ་མཁན་དང་སྐུ་མགྲོན་གྱིས་དྲན་རྟེན་སྐུ་པར་བསྐྱོན་པ།

51c7bf3232c135d857d5668f7efe4302.jpg

མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། 2019ལོའི་རྒྱལ་ཡོངས་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བཤམ་རྡོ་རིག་གནས་འགྲེམ་ཚོགས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡུས། ཐེངས་འདིའི་འགྲེམ་སྟོན་དུ་ཀྲུང་གོ་བཤམ་རྡོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་བཤམ་རྡོ་མཐུན་ཚོགས་ཀྱི་ཚོགས་གཙོ་པེས་ཁྲོང་དབྱི་གཙོ་བྱས་པའི་འགོ་ཁྲིད་དང་།འབྲེལ་ཡོད་མཚར་རྡོ་རྟོག་དཔྱོད་ཆེད་མཁས།དེ་མིན།ཀྲུང་གོ་གསར་འགྱུར་ཁང་།ཀྲུང་གོ་བོད་ཀྱི་དྲ་བ།ཀྲུང་གོ་རྡོའི་དྲ་བ།མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་སོགས་སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པ་དང་།རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཕེབས་པའི་རྡོ་ཡི་སྒྱུ་རྩལ་ལ་དགའ་མོས་མཁན་བཅས་བསྡོམས་པས་མི300ལྷག་ཞུགས་ཡོད་ཅིང་།ཐེངས་འདིའི་བྱ་དགའི་རྣམ་གྲངས་ལ་དམིགས་བསལ་བྱ་དགའ་དང་།གསེར་གྱི་བྱ་དགའ།དངུལ་གྱི་བྱ་དགའ།ཟངས་ཀྱི་བྱ་དགའ་བཅས་བྱ་དགའི་རྣམ་གྲངས4རུ་བགོས་ཡོད་ཅིང་།བསྡོམས་པས་བཤམ་རྡོ65ལ་རིམ་པ་མི་འདྲ་བའི་བྱ་དགའ་ཐོབ།

52dbe30ec59b3290d05cb7e46653c3b3.jpg

འགྲེམས་སྟོན་དུ་ཚུད་པའི་བཤམ་རྡོ།

08116758e3f2da1950675ef122bb51d4.jpg

དཔྱད་འདེམས་པས་བཤམ་རྡོར་དཔྱད་བསྡུར་དང་སྐར་གྲངས་རྒྱག་བཞིན་པ།

ཡུས་ཧྲུའུ་ས་ཆ་ནི་བཤམ་རྡོའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཁྱད་མཚར་བའི་མི་རིགས་རིག་གནས་ཀྱི་རྔམས་མཐུག་པས།བཤམ་རྡོའི་སྒྱུ་རྩལ་གྱི་མདུན་ལྗོངས་ཧ་ཅང་ཡངས་ལ། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག མི་རིགས་མཐུན་སྒྲིལ་གྱི་འཆིང་བ་རྡོ་ལྟར་སྲ་ལ། སྤྱི་ཚོགས་འཆམ་མཐུན་གྱི་བརྩེ་བ་རྡོ་ལས་མཁྲེགས་པའི་རྟེན་འབྲེལ་གྱི་མཚོན་དོན་ཡག་པོ་ཞིག་ཀྱང་ངང་གིས་གྲུབ་ཡོད།

2aa7198f4c156bf2fe00e2d50565d064.jpg

དཔྱད་འདེམས་པས་བཤམ་རྡོར་དཔྱད་བསྡུར་དང་སྐར་གྲངས་རྒྱག་བཞིན་པ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་འགྲེམས་སྟོན་བྱས་པའི་མཚར་རྡོ་དག་ནི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙང་གསུམ་འབྱུང་ཡུལ་ནས་ཐོན་པའི་བཤམ་རྡོའི་ཁྲོད་ནས་དབྱིབས་དང་ཁ་ཏོག གྲུབ་ཆ།མཚོན་དོན་སོགས་ཚན་རིག་གི་དཔྱད་ཐབས་སྣ་ཚོགས་ལ་བརྟེན་ནས་བདམས་ཐོན་བྱུང་བ་རེད།

3bc16c289256ace2e7ec67bf9875ceb0.jpg

5e27ecb42ab1e3dabaa97c9fa3372498.jpg

འགྲེམས་སྟོན་དུ་ཚུད་པའི་བཤམ་རྡོ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཙང་པ་འཇིག་ཚེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།ཐེངས་འདིའི་འགྲེམས་སྟོན་བརྒྱུད་དེ་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དམིགས་བྱ་གཞིར་བཅས་ཏེ།ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་།ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་བརྗོད་བྱར་བཟུང་ནས།མཚོ་བོད་མཐོ་སྒང་གི་ཁྱད་ལྡན་རིག་གནས་དྲིལ་སྒྲོག་དང་།ཡུས་ཧྲུའུ་ས་ཆའི་བཤམ་རྡོའི་རིག་གནས་སྔོག་འདོན་བྱས་ཏེ།རིགས་སོ་སོའི་མི་རིགས་འཆམ་མཐུན་མཉམ་གནས་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་སྐྲུན།”ཞེས་པའི་བསྟོད་གླུ་བླངས་ཏེ།དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན།ཁོས་བཤད་རྒྱུར།ཐེངས་འདིའི་འགྲེམ་སྟོན་ནི་གཙང་གསུམ་འབྱུང་ཡུལ་གྱི་མཚར་རྡོ་ཕྱི་རུ་བསྐྱོད་པ་དང་།རྒྱལ་ཡོངས་ས་ཁུལ་གཞན་པའི་བཤམ་རྡོ་ཆེད་མཁས་དང་མོས་འདུན་པ་ཚོ་གདན་འདྲེན་བྱས་ཏེ།ཕན་ཚུན་བར་བསམ་བློ་བརྗེ་རེ་བྱེད་དང་།ཕན་ཚུན་བར་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།