མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་རྩ་འཛུགས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པའི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་26ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་རྩ་འཛུགས་ཀྱིས་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པའི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཧྲིན་ཀྲང་ལིའུ་ཉིང་གི་མངགས་བཅོལ་ལྟར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་ཚོགས་འདུར་འགོ་འཛིན་གནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ཡོད་པ་རེད། 

གྲོང་ཁྱེར་དང་ཁུལ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཁེ་ལས་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སྐོར་ཞིག་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ཚང་མས་ཞིབ་ཕྲའི་བྱེད་ཐབས་སྤྱད་ནས་གསར་དར་གྲོང་རྡལ་ཅན་དུ་བསྒྱུར་བའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱིས“དཔེ་སྟོན་ཞིང་ཆེན་གསུམ”གྱི་འཛུགས་སྐྲུན་ལ་དེ་བས་རྒྱབ་སྐྱོར་བླ་མེད་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བརྒྱུད་ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། གསར་གཏོད་ལ་གཞི་བཙུགས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ། ཚོད་འཛིན་རང་བཞིན་གྱི་ལམ་ལུགས་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཚན་ཁག་དང་ཁོངས་མིར་བསམ་འཆར་དང་གྲོས་གཞི་བཏོན་པ་རེད། 

གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཡན་ཅིན་ཧའེ་ཡིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་དག་བརྗོད་དོན་སློབ་གསོ་གཞིར་བཟུང་ནས་དེའི་ཐད་ཀའི་གནད་དོན་དང་། གཞུང་དྲང་ཁོང་ཡངས། དོན་དངོས་རང་བཞིན། བསམ་གཞིག་ལྡན་པ། རིན་ཐང་ལྡན་པ་བཅས་ཀྱི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཁག་ལ་དོ་ཁུར་དང་སྲིད་གཞུང་བྱ་བར་རྒྱབ་སྐྱོར་གང་ལེགས་གནང་བ་མཚོན་ཞིང་། ཐོག་མའི་བསམ་འདུན་བཅིངས་ནས་འགན་འཁྲི་འཁུར་བའི་དོན་དངོས་རང་བཞིན་ཀྱང་མཚོན་ཡོད་པ་རེད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།