མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་འཆད་ཁྲིད་སྐབས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པས་ཨུ་ཡོན་འཆད་ཁྲིད་སྐབས་དང་པོ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གདན་དྲངས་ནས། ཁ་ཡིག་ལ་སྲིད་གྲོས་མི་རབས་བཞིས་རྒྱལ་གཅེས་བརྩེ་བ་རྒྱུན་འཛིན་བྱེད་པ་ཞེས་པ་བརྗོད་དོན་དུ་བཟུང་ནས་སྙན་ཞུ་ཕུལ།

ཨུ་ཡོན་འཆད་ཁྲིད་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་འགན་སྒྲུབ་གསར་གཏོད་འཚོལ་ཞིབ་ཅིག་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱེད་ཕྱོགས་ལ་སློབ་སྦྱོང་དང་ཐབས་ཤེས་ཚུར་ལེན་བྱེད་རྒྱུ་རེད། ད་ལོ་ནས་བཟུང་། ཐུན་མོང་ལྟ་བ་གཅིག་གྱུར་བྱེད་རྒྱུ་དམིགས་འབེན་ཡིན་པའི་ཨུ་ཡོན་འཆད་ཁྲིད་ཀྱི་ལས་སྒོ་དངོས་སུ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།