རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཡུལ་ཤུལ་ཁུལ་དུ་སྤེལ་བ།

     580f708695d3d0c23ec56664b4d63422.jpg

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་སྤེལ་བ་དང་། ཡུལ་ཤུལ་ནང་ཆེན་རྫོང་གི་གྲོང་ཚོ་འགའི་སློབ་ཆུང་དང་ཡུལ་ཤུལ་ཁུལ་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི10ཡི་དཔེ་ཆ་ཞལ་འདེབས་སུ་ཕུལ།

85ffefa1c41459ad866d293180ec8d83.jpg

e92f2af5b473184293c5fa62cbfaa9cc.jpg

       “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་འདི་ནི་ཀྲུང་དབྱང་གིས་བཏོན་པའི་གཞི་རིམ་ལ་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་དགོས་པའི་འབྲེལ་ཡོད་བླང་བྱ་ལྟར། གསར་ཏུ་བཏོད་པའི་རིག་གནས་བྱ་འགུལ་ཤིག་ཡིན་ལ། དེའི་ཁྲོད་དུ་འཁྲབ་བསྟོན་དང་། དཔེ་ཆ་འབུལ་བ། སྨན་བཅོས་འཕྲོད་བསྟེན་སོགས་མང་བོ་འདུས་ཡོད། བྱ་འགུལ་སྤེལ་བའི་ལོ་ངོ9ཡི་རིང་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ཞིང་ཆེན20དང་ས་ཁུལ་དང་གྲོང་ཁྱེར། རྫོང100ལྷག་ཏུ་སོང་ནས་བྱ་འགུལ་སྤེལ་པས།ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། དེའི་ཁྲོད་དཔེ་ཆ་གཞི་རིམ་དུ་བསྐྱེལ་བའི་བྱ་འགུལ་སྔ་གཞུག་ཏུ་བསྡོམས་པས་མི་རིགས་ས་ཁུལ་གྱི་གཞི་རིམ་སློབ་གྲྭ་འབྲིང་ཆུང་བརྒྱ་ལྷག་དང་།གཞི་རིམ་གྱི་ལས་ཁུངས1130ལྷག་ལ་མ་དངུལ་སྒོར་ཁྲི1500ལྷག་གི་དཔེ་ཆ་དང་སྒྲ་བརྙན་ཀློག་དེབ་བསྐྱལ་བ་རེད།

ཉེ་བའི་ལོ་འགའི་ནང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་བར་དོ་ཁུལ་བྱས་བ་དང་། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་རོག་འདེགས།མཛུབ་སྟོན་ལ་བསྟེན་ནས2018ལོའི་ལོ་མཇུག ཡུལ་ཤུལ་ཁུལ་གྱིས་རྒྱལ་ཁའི་ངང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་ལེགས་གྲུབ་བྱུང་། ཐེངས་འདིའི་དཔེ་ཆ་འབུལ་བའི་དམིགས་ཡུལ་ཡང་སྔར་ལས་ལྷག་པའི་སྒོ་ནས་ཡུལ་ཤུལ་གྱི་གསར་གཏོད་ལས་གཞི་དེ་སྲ་བརྟན་དུ་གཏོང་བ་དང་།གསར་གཏོད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་རེད།

812869e1aaac5ffbd1e0b4dc0a838177.jpg

31e7c9cf6c63c55340574c86b9e57f80.jpg

       ཡུལ་ཤུལ་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གཙང་བ་འཇིག་ཚེ་ཡིས་བཤད་རྒྱུར། “ཡུལ་ཤུལ་ཁུལ་གྱིས་རྒྱལ་ཁའི་ངང་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་བྱུང་བ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡུལ་ཤུལ་ལ་དཔེ་ཆ་སོགས་ཕུལ་ནས་རྒྱབ་སྐྱོར་མང་བོ་བྱས་པས། ང་ཚོས་མི་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གནས་བབས་གསར་བར་རྒྱུན་འཁྱོངས་བྱས་ཏེ།ཚེ་སྲོག་ལ་གཅེས་བ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་།མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱས་ཏེ། ཧུར་ཐག་གིས་ཡུལ་ཤུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་གཞིའི་རྣམ་པ་གསར་བ་གསར་གཏོད་དང་། ཡུལ་ཤུལ་གྱི་འཕེལ་རྒྱས་སྔར་ལས་ཇེ་བཟང་དང་། ཡུལ་ཤུལ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་བར་འབད་དགོས།” །

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།