མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་བྱ་གཙོ་བོའི་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་དང་ཁོངས་མིའི་བསམ་འཆར་ལ་ཉན་པ་དང་། དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོར་བསྡུ་བར་གྲ་སྒྲིག་བྱས། བློ་མཐུན་རྒན་པ་པད་མ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

བཞུགས་མོལ་ཚོགས་འདུ་བསྡུ་སྐབས། ཅ་གོ་མིང་དང་། ཀྲང་ཀོང་རུང་། ཝང་ལི་མིང་། ཏུའུ་ཅེ། ཉི་མ་སྒྲོལ་མ། ཉེའོ་ཁྲེང་ཡུན། ཀྲང་ཝུན་ཁུའེ། ཝུན་གོ་ཏུང་། ཝུའུ་ཏེ་ཅུན། ཝུའུ་ཡུས་ཀྲང་། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། མ་ལུང་། ཝང་ཁྲེང་ལུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་དང་ཁོངས་མིར་བསམ་འཆར་བཏོན་དེ།  སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་བཏོན། 

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཝང་ཅན་ཅུན་གྱིས་ཚང་མས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་ལ་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་།  ཁོང་གིས་སེམས་རྒྱ་ཇེ་ཡངས་སུ་བཏང་ནས་གཞན་གྱི་བསམ་འཆར་དང་ལེན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་སྤེལ་བའི་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་གལ་ཆེན་ཡིན་ལ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་གནས་པའི་གནད་དོན་འཚོལ་བའི་ཡང་དག་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་ཟེར། ཝང་ཅན་ཅུན་གྱིས་ཚང་མས་ང་ཚོར་བསམ་འཆར་འདོན་པ་ནི་ང་ཚོར་ཡིད་ཆེས་དང་བྱ་གཞག་ལ་འགན་འཁུར་བ་ཡིན་པས། ང་ཚོས་ངེས་པར་དུ་སྒྱུར་བཅོས་ལེགས་པོ་བྱས་ནས་ཚང་མའི་ཐུགས་ཁུར་དང་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་དང། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ངོ་མ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ལས་དོན་སྔར་ལས་ལྷག་པར་ལེགས་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།