ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ས་གནས་དེ་གའི་འབྲོག་པ་དང་ཕྱི་ནས་ཡོང་བའི་སྣོད་བཅུད་མྱོང་རོལ་བྱེད་མཁན་ཡུལ་སྐོར་བ་དམངས་སྤྱོད་མཁའ་འགྲུལ་ལ་སྡོད་མཁན་གཙོ་བོར་རིམ་གྱིས་གྱུར་ནས། མཁའ་འགྲུལ་གྱི་ལོའི་འགྲུལ་པ་འཕར་ཚད་ལོ་གསུམ་བསྟུད་མར་མི་ཐེངས་ཁྲི་100ལྷག་ཙམ་ཟིན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 2018ལོའི་ཟླ་གསུམ་པར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་ཚོད་ལྟའི་ཁུལ་དང་པོར་བདམས་ཐོག་ཁ་གསབ་སྤྲོད་ཤུགས་སྔར་བས་ཆེ་རུ་བཏང་ནས། བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པ་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་པ་དང་ཆབས་ཅིག ཕྱིའི་ཡུལ་སྐོར་བ་མི་ཉུང་བ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་སུ་བསྐྱོད་དེ་སྣོད་བཅུད་མྱོང་རོལ་བྱ་རྒྱུའི་ཡིད་དབང་ཡང་བཀུག་ཡོད་པ་རེད། ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིའི་འགན་འཁུར་བས། སྲིད་ཇུས་རབ་དང་རིམ་པའི་དྲིན་གྱིས་2016ལོ་ནས་བཟུང་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་གསུམ་བསྟུད་མར་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྲི་100ཡི་འཕར་ཚད་མཐོན་པོ་མངོན་འགྱུར་ཐུབ་ནས། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 2019ལོའི་ཟླ་དགུ་པར། ཟི་ལིང་གནམ་ཐང་དངོས་སུ་རྒྱལ་ སྤྱིའི་གནམ་ཐང་དུ་རིམ་སྤོར་བྱས་པ་དང་། 2018ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཐེངས་དང་པོར་མི་ཐེངས་ཁྲི་700 ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་འཕར་ཚད་ལོ་གསུམ་ལ་བསྟུད་མར་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ།