རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས36པར་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་ཆེད་བཅར་བྱས་ཏེ་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི《ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་བརྒྱུད་སྒྲོག་བྱས། དེ་མིན་ད་དུང་སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་དང་རྒྱལ་ཡོངས་ས་གནས་སྲིད་གྲོས་ལས་དོན་གྱི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ཀྱི་དགོངས་དོན་སྐོར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། སྲིད་གྲོས་ལས་ཁུངས་ནི་འཐབ་ཕྱོགས་དང་པོའི་ཆབ་སྲིད་ལས་ཁུངས་ཤིག་ཡིན་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། ཀྲུའུ་ཞི་ཝང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་མཐར། ཀུན་གྱི་སྣེ་ཁྲིད་དེ“སྲུང་སྐྱོང་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་དགོས། ལས་ཁུངས་ཀྱིས་ཁོངས་གཏོགས་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་འཛུགས་བྱ་བར་བརྟེན་ནས་སྲིད་གྲོས་ལས་དོན་ལ་སྐུལ་འདེད་དང་སྲིད་གྲོས་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། “ཕྱོགས་གཉིས་སུ་ཤུགས་སྣོན་པའི”ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་ལེན་དགོས། སློབ་སྦྱོང་གི་རྒྱུན་མི་གཏོང་བའི་ཐད་ ཤུགས་བསྣན་ནས། ཏང་ཙུའུ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་ཀྲུའུ་ཞི་གྲོས་ཚོགས་ཀྱི་ཐུན་མོང་སློབ་སྦྱོང་། རྒྱུན་ལས་གྲོས་ཚོགས་ཀྱི་ཆེད་དོན་འཆད་ཁྲིད། ཨུ་ཡོན་གསོ་སྐྱོང་སློབ་སྦྱོང་ལམ་ལུགས་བཅས་སྔར་ལས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་། སྲིད་གྲོས་ཨུ་ཡོན་ཡོངས་ལ་ཁྱབ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་བཞུགས་མོལ་ཚོགས་འདུའི་ལམ་ལུགས་འཛུགས་དགོས། གཞི་རིམ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྲིད་གྲོས་ཀྱི་གཞི་རིམ་ཏང་རྩ་འཛུགས་བྱ་བའི་ཆབ་སྲིད་སྣེ་ཁྲིད་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། ཏང་ཡོན་དང་ཨུ་ཡོན་གྱི་གྲོས་མོལ་སྲིད་གླེང་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཝང་ཞའོ་ཡུང་དང་ཏུའུ་ཅེ། མཱ་ཧའེ་དབྱིན་བཅས་ཚོགས་འདུར་ཞུགས་པ་དང་། རིན་ཆེན་རྣམ་རྒྱལ་དང་ ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།