རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་རེབ་གོང་ནས་འཚོགས་པ།

1.jpg

ཚོགས་འདུའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རྡོ་རྗེ་བསམ་འགྲུབ། ཕག་མོ་དོན་འགྲུབ།) རྨ་ལྷོ་ཚགས་པར་ཁང་གིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་ཟླ7པའི་ཚེས19ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དུ་གཟབ་རྒྱས་ངང་འཚོགས།  པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས40ཡི་ལས་བྱེད་མི་སྣ70ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད་ཅིང་། བརྙན་འཕྲིན་དང་། རླུང་འཕྲིན། སྨྱན་སྦྱོར་གསར་པའི་བརྩམས་ཆོས། སྒྱུར་ཡིག དཔྱད་རྩོམ་སོགས་ཕུལ་བྱུང་བརྩམས་ཆོས290ལྷག་ཙམ་འབྱོར་ཡོད། 

4.jpg

ཚོགས་འདུར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད།

རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཞུའེ་ཅོན་དང་། རྨ་ལྷོ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་གཙོ་མགོན་པོ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཏི་ཝུན་ཅུན། རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་ཀོང་ཀྲི་སོགས་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཤིང་། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཏི་ཝུན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་གསུང་བཤད་གནང་།

3.jpg

རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཞུའེ་ཅོན་གྱིས་གཏམ་བཤད་བཞིན་པ།

2.jpg

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་གཏམ་བཤད་བཞིན་པ།

AF6A1022.JPG

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། 

ཚོགས་འདུ་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་བོད་ཡིག་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ལ་ཤུགས་སྣོན་རྒྱག་དགོས། བྱ་སྤྱོད་ངོ་མའི་ཐོག་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་བྱེད་དགོས་པ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བོད་ཡིག་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་བྱེད་པའི་དུས་རབས་ཀྱི་ཁྱབ་སྤེལ་བྱེད་སྟངས་འཚོལ་ཞིབ་བྱས་ནས་བོད་ཡིག་སྨྱན་སྦྱོར་གྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་སོགས་དྲིལ་སྒྲོག་དང་།  སྔོན་ཐོན་རིག་གནས་དང་ཚན་རིག་ཤེས་བྱ་ཁྱབ་སྤེལ། གླེང་ཕྱོགས་གཡུལ་ས་བརྟན་སྲུང་། སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་རིགས་ས་ཁུལ་གྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། 

5.jpg

6.jpg

ཐེངས་འདིའི་ཚོགས་འདུ་ཉིན་ལྔ་རིང་འཚོགས་རྒྱུ་ཡིན་པ་དང་། བར་སྐབས་སུ་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་བཤམས་མཛོད་ཁང་ལ་ལྟ་སྐོར་བྱ་རྒྱུ་དང་། རེབ་གོང་རྫོང་རོང་བོ་གྲོང་རྡལ་ས་དཀྱིལ་སྡེ་བར་སོང་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། རེབ་གོང་གི་དྲུག་པའི་ཀླུ་རོལ་དང་། རེབ་གོང་སྒྱུ་རྩལ་དཔེ་སྟོན་དུད་ཚང་། ཀླུ་སྒྲུབ་སྒྱུ་རྩལ་གླིང་། རིག་འབྱུང་རེབ་གོང་སྒྱུ་རྩལ་ཁྲིད་སྦྱོང་ཁང་བཅས་ལ་ཡུལ་དངོས་བཅར་འདྲི་བྱ་རྒྱུ་མ་ཟད། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོ་དང་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་སོགས་སུ་བསྐྱོད་རྒྱུ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཚོགས་འདུ་ཟླ7པའི་ཚེས22ཉིན་གྲོལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།