མགོ་ལོག་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གི་སྐབས་དྲུག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས། ཀྲུང་དབྱང་སྐབས་དྲུག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་མཚོ་སྔོན་བྱ་བའི་སྐུལ་སློང་ཚོགས་འདུའི་དགོསང་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། ཀྲུང་དབྱང་གི་ཞིབ་བཤེརལས་དོན་ཁག་ལ་རོགས་འདེགས་བྱེད་པར་ཕྱོགས་ཡོང་ནས་བཀོད་སྒྲིག་བྱས། 

ཚོགས་འདུའི་སྟེང་མགོ་ལོག་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་དང་། རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆའི་སྡེ་ཚན་གལ་ཆེན་ཡིན་པ། སྐྱེ་ཁམས་ལེགས་སྲུང་དང་། སྐྱེ་ཁམས་འཛུགས་སྐྲུན་བྱ་བ་ལེགས་པར་སྒྲུབ་རྒྱུ་ནི་འགན་འཁྲི་དང་འོས་འགན་ཉག་གཅིག་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཀྲུང་དབྱང་ལྟ་ཞིབ་ཚོགས་ཆུང་གི་ལས་ཀའི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྟ་ཞིབ་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་མིག་སྔའི་ལས་འགན་སྲ་ཤོས་དང་། འགན་འཁྲི་ཆེ་ཤོས། འགན་འཁྲི་ལྕི་ཤོས། ཆེས་དོན་དངོས་ཀྱི་བྱ་སྤྱོད་ཡིན་པའི་ལྟ་སྟངས་ཡང་དག་འཛིན་པ་དང་། གཟབ་ནན་གྱིས་ས་གནས་ཀྱི་ཏང་ཨུ་དང། སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་བརྗོད་དོན་འགན་འཁྲི་ལག་ལེན་དོན་འཁོལ་བྱེད་པ་དང། རང་འགུལ་གྱིས་ལྟ་ཞིབ་བྱ་བ་དང་ལེན་བྱེད་པ་བཅས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པར་བསྟན། 

ཚོགས་འདུའི་སྟེང་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། རིམ་པ་ཁག་གི་འགོ་ཁྲིད་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“ཆབ་སྲིད་བརྟག་དཔྱད”བྱེད་པ་དང་ཧུར་རང་འགུལ་ཧུར་བརྩོན་བྱེད་དགོས། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལས་བགོས་འགན་གཉེར་བློ་མཐུན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་སྦྲེལ་གནས་ས་ཁུལ་དང་སྡེ་ཚན་གྱི་མཐུན་སྦྱོར་མཛུབ་ཁྲིད་ཡག་པོ་བྱེད་པ། ད་རེས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་འབྲེལ་བ་ཡོད་པའི་གཙོ་གནད་གནད་དོན་ཡོད་སའི་ལས་རིམ་དང་པོར་བསྐྱོད་ནས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་བཅས་བྱས་ཏེ་གནད་དོན་ཐག་གཅོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པར་ནན་བཤད་གནང་བ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།