མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཆེད་དོན་ལེགས་བཅོས་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔེ་སྟོན་སྣེ་ཁྲིད་འོག་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆང་གི་མཛུབ་སྟོན་འོག མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་གོ་རིང་ལྡན་ཞིང་གྲུབ་འབྲས་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཆེད་དོན་ཞིབ་སྡུར་ལ་དམ་འཛིན་བྱས་ནས། རྒྱ་ཆེའི་ཏང་ཡོན་ཚོས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆེད་དོན་བཅོས་སྐྱོང་ལ་དམ་འཛིན་བྱེད་པ་དང་། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་སྤོབས་པ་ཆེན་པོས་གནད་དོན་ཐག་གཅོད་དགོས། ལས་ཁུངས་སོ་སོའི་ཏང་ཙུའུ་ཡི་འགོ་ཁྲིད་བློ་མཐུན་གཙོ་བོས་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་བྱས་ཏེ། ཆེད་དོན་བཅོས་སྐྱོང་གི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བར་དམ་འཛིན་བྱེད་དགོས། སྣེ་ཁྲིད་ལས་ཁུངས་སོ་སོས་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། དག་ཐེར་ལེགས་བཅོས་ཀྱི་རྩིས་ཐོ་འཛུགས་པ། འགན་འཁྲི་མི་སྣ་དང་དུས་ཚོད་རེའུ་མིག ལམ་ཐིག་པར་རིས་གཏན་ཁེལ་གསལ་བོ་བྱས་ནས། ཆེད་དོན་བཅོས་སྐྱོང་གི་ལས་འགན་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོན་པོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུ་བའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། སྐོར་ཞིབ་མཛུབ་སྟོན་གཟབ་ནན་སྒོས་སྤེལ་བ། ལས་ཁུངས་སོ་སོའི་ཏང་ཙུའུ་ཡི་གཙོ་གཞི་འགན་འཁྲི་དང་འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ནས་བརྗོད་དོན་སློབ་གསོ་སྤེལ་བའི་འབྲེལ་ཡོད་ཡིག་ཆ་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།