མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་ཀྱི་བྲོས་བྱོལ་ཉེས་ཅན་བདའ་འདེད་དང་བརྐུས་ནོར་ཚུར་ལེན་བྱ་བའི་གསོ་སྦྱོང་འཛིན་གྲྭའི་དགོངས་དོན་དང་ཁྲིམས་འགལ་ཏང་ཡོན་ལ་སྒྲིག་ཆད་གཅོད་པའི་བྱ་བ་ཚད་ལྡན་དུ་བསྒྱུར་བའི་སྐོར་གྱི་གྲོས་གཞི་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་བྱ་བའི་སྒྲིག་ལམ་ལ་གྲོས་ཞིབ་བྱས་ལ། 2018ལོའི་བྱ་བར་སྤྱི་སྡོམ་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་བཤད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གའོ། ཞིང་ཆེན་ཞིབ་བཤེར་ཁང་ཞིབ་བཤེར་དཔོན་པོ་མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྔར་བཞིན་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་ཁ་གཏད་དེ། རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་ལུགས་འབྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་གཞོགས་འདེགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་པ། རུལ་སུངས་ལ་ཆད་གཅོད་བྱེད་པའི་མཐོ་གནོན་རྣམ་པ་སྲུང་འཛིན་བྱེད་པ། གཙོ་བོར་ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་ཕན་ཚུན་མཉམ་བསྲེས་བྱེད་པར་ཞིབ་གཅོད་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་དང་ཚོགས་ཆེན་བཅུ་དགུའི་ཚུན་དུ་ད་དུང་གུས་བཀུར་མི་བྱེད་པ་དང་སྐུམ་འཐེན་མི་བྱེད་པའི་རུལ་སུངས་ཅན་ལ་ཆད་གཅོད་ནན་མོ་བྱས་ནས་མི་གྲངས་ཇེ་མང་དུ་འགྲོ་བར་བཀག་འགོག་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆད་གཅོད་ནན་མོ་བྱེད་པ་དང་། ནག་ངན་སྟོབས་ཤུགས་དང་འབྲེལ་བའི་རུལ་སུངས་གནད་དོན་དང་འགེབས་སྲུང་ལ་སྔོག་འདོན་དང་ཞིབ་བཤེར་གཏིང་ཟབ་བྱེད་པ། མུ་མཐུད་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་བྲོས་བྱོལ་ཉེས་ཅན་བདའ་འདེད་དང་བརྐུས་ནོར་ཚུར་ལེན་བྱེད་པ། བྱོས་བྱོལ་ལ་བཀག་འགོག་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། གྲུབ་འབྲས་དངོས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མགོ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི་གཞན་པ་དང་གཞུང་སྒྲུབ་ཁང་གི་ཁོངས་མི། འབྲེལ་ཡོད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།