ཁོང་ཡུང་གིས་ཟི་ལིང་དམངས་སྲིད་སྡེ་ཁག་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན།  ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གི་དམངས་སྲིད་སྡེ་ཁག་དུ་སོང་ནས་རྟོག་ཞིབ་བྱས།   རྟོག་ཞིབ་བྱེད་སྐབས།  ཁོང་ཡུང་སྔ་གཞུག་ཏུ་རྒན་བཀུར་བདེ་སྐྱིད་ཇ་ཁང་དང་རྒན་གསོ་ཞབས་ཞུའི་མཛུབ་སྟོན་ལྟེ་གནས།  སྤྱི་ཚོགས་རྩ་འཛུགས་ཞབས་ཞུའི་ལྟེ་གནས་སོགས་སྡེ་ཁག་ཏུ་སོང་ནས་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།  འཚོ་བའི་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། གྲོང་ཁྱེར་དང་རྫོང་།  འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བརྗེ་རེས་བྱས། ཁོང་ཡུང་གིས་བསྟན་དོན།   དམངས་སྲིད་བྱ་བ་དེ་དམངས་ཚིས་དང་འབྲེལ་བ་ཡོད་པ་དང་།  དམངས་སེམས་དང་སྦྲེལ་ནས་ཡོད་པས།   དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།   མང་ཚོགས་ཕྱུག་འགྱུར་ལ་སྐུལ་སྤེལ་བྱེད་པ།   སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཁྲོད་བྱེད་ནུས་མི་དམན་པ་འདོན་བཞིན་ཡོད།  རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དམངས་སྲིད་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་བཏོན་པའི་གཅིག་སྡུད་གསུམ་དང་རྨང་གཞི་གསུམ་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་། རྒྱལ་ཡོངས་དམངས་སྲིད་བྱ་བའི་གྲོས་ཚོགས་ཐེངས་བཅུ་བཞི་བས་གཏན་ཁེལ་བྱས་པའི་ཆེས་མ་མཐའི་དམངས་ཚིས་འགན་སྲུང་དང་ཆེས་གཞི་རྩའི་སྤྱི་ཚོགས་ཞབས་ཞུ། ཆེས་རྨང་གཞིའི་སྤྱི་ཚོགས་བཅོས་སྐྱོང་།   ཆེས་ཡུན་རིང་གི་ཆེད་དོན་སྲིད་འཛིན་དོ་དམ་བཅས་ཀྱི་བྱེད་ནུས་གཏན་གནས་ལ་དམིགས་ནས་བྱ་བའི་ལས་འགན་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན།  དམངས་སྲིད་བྱ་བ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་།   མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་བའི་ཁེ་ཕན་གནད་དོན་དང་འབྲེལ་བ་དམ་པོ་ཡོད།   མིག་སྔར།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོ་དེ་དམངས་སྲིད་བྱ་བའི་ཁྲོད་ཁྱབ་པར་བྱེད་དགོས་པ་དང་།    དམངས་སྲིད་བྱ་བའི་ངོས་ཟིན་མཐོར་འདེགས་གཏོང་བ། དམངས་སྲིད་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པ་དང་།  དམངས་སྲིད་མི་དམངས་ལ་དགའ་བའི་བྱ་བའི་འདུ་ཤེས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་དགོས།   དམངས་སྲིད་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་ཁྲོད་དུ་འགན་སྲུང་གི་བྱེད་ནུས་བཟང་བོ་བཏོན་ཏེ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དུས་ཐོག་ཏུ་ཁྱིམ་ཚང་སོ་སོར་བསྐྱལ་ནས།  རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁེ་ཕན་མང་པོ་ཐོབ་ཏུ་འཇུག་དགོས་པ་དང་།   ཁོ་ཚོའི་བདེ་སྐྱིད་ཀྱི་ཚོར་བ་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།   དམངས་སྲིད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ་རིགས་སོ་སོའི་དམངས་སྲིད་བྱ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།