ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་གྱི་བྱ་བར་ལྟ་ཞིབ་བྱས་པའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   སྐུལ་སློང་གྲོས་ཚོགས་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར མཐུན་སྦྱོར་སྒོས་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན།   ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་ནི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་།  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ།   དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས།  སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་སློབ་སྦྱོང་བྱེད་པ་དང་ད་ལྟ་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པ་དང་།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ།  བློ་བརྟན་འགྱུར་མེད་དང་གཅིག་གྱུར། གནད་ཕིགས།  ཞིབ་བཤེར་གཉིས།  སྣེ་ཁྲིད།  ཚད་ལྡན་བཅས་ཀྱི་ལྟ་ཞིབ་བྱ་བའི་སྤྱིའི་བླང་བྱར་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཚད་གཞི་མཐོ་བ་དང་ཕན་ནུས་མཐོ་བ།  སྤུས་ཚད་མཐོ་བའི་སྒོ་ནས་ལྟ་ཞིབ་མཐུན་སྦྱོར་བྱ་བ་བཟང་བོ་བསྒྲུབ་དགོས་ཟེར།

གྲོས་ཚོགས་སྟེང་ལྟ་ཞིབ་བྱ་བར་མཐུན་སྦྱོར་བྱེད་རྒྱུ་དེ་མིག་སྔར་གྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་།  ཆབ་སྲིད་གླེང་བ་དང་སྤྱི་ཡོངས་བསམ་པའི་མཐོ་ཚད་ནས་འགྲེང་སྟེ་མགྱོགས་མྱུར་སྒོས་བསམ་བློ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་།  ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་བྱ་བ་དེ་གོ་སྐབས་སུ་བརྩིས་ཏེ་འགྱུར་མེད་ཀྱི་ཏང་གཤིས་རྩ་དོན་དང་མངོན་གསལ་གྱི་ཆབ་སྲིད་རྣམ་འགྱུར།  ཚད་མཐོ་བའི་འགུལ་སྐྱོད་རང་རྟོགས་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་དགོས་པ་དང་།   སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།