མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་རིམ་གསུམ་པ་སྟེ། མདོ་པ་ནས་ཁྲི་ཀ་རྫོང་བར།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས16ཉིན། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་བཅོ་བརྒྱད་པའི་འགྲན་རིམ་གསུམ་པ་སྟེ་མདོ་པ་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་འགོ་ཚུགས་ཤིང་། ཧྥ་རན་སི་མ་སའེ་ལྕགས་རྟ་རུ་ཁག་གི་ཀེ་ལུའུ·ཨའེ་ཏེ་ཧྭ་ཡིས་ཆུ་ཚོད3དང་སྐར་མ21སྐར་ཆ14ཡི་ཐོག་ནས་འགྲན་རིམ་དེའི་ཨང་དང་པོ་བླངས་པ་རེད། 

འགྲན་རིམ་གསུམ་པའི་ལམ་ཚད་ཧྲིལ་པོར་སྤྱི་ལེ140ཡོད་པ་དང་།  འགྲན་བསྡུར་དེ་མདོ་པ་རྒྱལ་ཁབ་སྦྱོང་བརྡར་རྟེན་གཞི་ནས་འགོ་ཚུགས་ཏེ་ཁྲི་ཀ་རྫོང་གི་མགྲོན་བསུ་ནུབ་ལམ་གྱི་ཧུང་ཐུའུ་གུང་གསེང་གསོན་མགྲོན་ཁང་བར་ཡིན་ལ།  འགྲན་རིམ་འདིའི་ལམ་བར་དུ་སྒོ་མེ་ལ་དང་ཁྲི་ཀའི་རྨ་ཆུ་ཟམ་ཆེན་སོགས་བརྒྱུད་པའི་རི་བོ་སྔོ་ཞིང་ཆུ་བོ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། དེའི་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3782ཟིན་པའི་སྒོ་མེ་ལ་རུ་སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱིHརིམ་པའི་གྱེན་འཛེག་ས་ཚིགས་དང་པོ་བཙུགས་པ་དང་མཐར་ཀན་སུའུ་དངུལ་ཁང་རུ་ཁག་གི་ཨང་རྟགས207པ་ཏུའུ་ཨར་ཐེ·སང་ཏུའོ་ཝ་ཨར་ལ་འགྲན་རིམ་དེའི་གྱེན་འཛེག་མཁན་གྱི་མཚན་སྙན་ཐོབ་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།