མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སོག་རིགས་བོད་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་བསྡུས་ནས། 《ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱ་རྒྱུའི་བཀོད་སྒྲིག་བྱས། 

ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུ་དེ་ནི་མཚོ་ནུབ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་ཞིབ་བཤེར་བྱེད་པའི་ཡིག་རྒྱུགས་ཆེན་པོ་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། ལྟ་ཞིབ་ཚན་ཆུང་གིས་མཚོ་ནུབ་ཁུལ་དུ་ལས་འགན་སྤེལ་བར་རོགས་རམ་བྱེད་དགོས་པ་བསྟན། 

ཚོགས་འདུའི་ནན་གྱིས་བསྟན་དོན། ས་གནས་ཁག་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཡིད་ལ་དམ་པོར་བཅིངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁྲོད་ཞུགས་དགོས་ཤིང་། ཏན་ཏིག་སྒོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གི་ལས་དོན་ལ་གཞོགས་འདེགས་དང་འགན་སྲུང་བྱེད་དགོས་པ་མ་ཟད། རེས་སྐོར་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གིས་ཕྱིར་བཏོན་པའི་གནད་དོན་ལ་དོ་སྣང་བྱས་ཏེ། སྒྱུར་བཅོས་བྱས་ཟིན་པའི་གནད་དོན་ལ་ཕྱིར་ལྟ་བྱེད་པ་དང་ནན་ཏན་སྒོས་ཆད་ལུས་བཙལ་ནས་འཐུས་ཚང་དུ་གཏོང་བ་དང་། སྒྱུར་བཅོས་བྱས་ཚར་མེད་པའི་གནད་དོན་གྱི་གནད་འགག་བཙལ་ནས་མྱུར་ཏུ་ཐག་གཅོད་བྱེད་དགོས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།