མཱ་ཅི་ཞའོ་མཚོ་སྔོན་ཚན་རྩལ་ཚགས་པར་བསྐྱར་འདོན་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་དང་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གསར་འདོན་བྱས་ནས་ལོ་འཁོར་སོ་ལྔ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་སྔོན་ཚན་རྩལ་ཚགས་པར་བསྐྱར་འདོན་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་དང་། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གསར་འདོན་བྱས་ནས་ལོ་འཁོར་སོ་ལྔ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་གྱིས་མ་འོངས་པར་སྣེ་ཁྲིད་བྱེད་པ་དང་། གསར་གཏོད་ཀྱིས་འཚོ་བར་བསྒྱུར་བཅོས་བྱེད་པ། ཚན་རིག་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། ཀུན་གྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་དགོས་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། མཚོ་སྔོན་ཚན་རྩལ་ཚགས་པར་དང་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ནི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བརྒྱུད་སྒྲོག་བྱེད་པའི་གཡུལ་ས་གཙོ་བོ་དང་ལམ་བུ་གཙོ་བོ་ཡིན། ཚགས་པར་གཉིས་ཀ་འདོན་སྤེལ་བྱས་པའི་ཚུན་དུ་གྲུབ་འབྲས་བཟང་བོ་བླངས་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཚན་རྩལ་ལས་དོན་དར་རྒྱས་སུ་གཏོང་བ་དང་ཀུན་གྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱིས་དེང་རབས་དཔལ་ཡོན་དང་ལེན་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་ཚན་རྩལ་ཁྱབ་གདལ་བྱ་བ་སྒྲུབ་མཁན་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། ཉམས་མྱོང་བརྗེ་རེས་བྱེད་པའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བར་ཐག་འཚོལ་བའི་ཁྲོད་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ལག་བསྟར་དམ་འཛིན་བྱེད་པའི་ཁྲོད་ཁག་ཁུར་མངོན་པར་བྱས་ནས། ནམ་ཡང་ལྷོད་གཡེང་མི་བྱེད་པ་དང་ཞུམ་མེད་མདུན་སྐྱོད་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་དང་མུ་མཐུད་འབད་འཐབ་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་སྒོས་ཚན་རྩལ་སྨྱན་བྱད་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། ཚན་རིག་བརྒྱུད་སྒྲོག་གི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱས་ནས། ཚན་རྩལ་བརྒྱུད་སྒྲོག་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།