ལིག་ཐའོ་ཡིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར།   ཚྭ་འདམ་ཆེ་བའི་སྲིད་འཛིན་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སུ་སོང་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་དང་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་གི་སྒྲིག་ཆས་དོ་དམ།  ཁྲོམ་རའི་ལྟ་སྐུལ་དོ་དམ་དཔུང་སྡེ་འཛུགས་སྐྲུན།   རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་ཚད་ལྡན་ཅན་གྱི་ཚོད་ལྟ་ཁུལ།  སྲིད་དོན་ཞབས་ཞུའི་དྲ་ཚིགས་གཅིག་ནས་བྱ་བ་མཉམ་སྒྲུབ་བྱེད་པ་དང་། ལས་སྣོན་བྱས་པའི་སྣུམ་གྱི་ཆེད་དོན་བཅོས་སྐྱོང་བྱ་བའི་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས་པར་མ་ཟད།  རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན།  བྱེད་ཐབས་གཉིས་ཀྱི་དགོངས་དོན་ནི་རིན་ཐང་ཆེ་ཞིང་ཤུགས་རྐྱེན་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་པས།  བྱ་བའི་ཁྲོད་ངེས་པར་དུ་རྒྱུན་འཛིན་བཟང་བོ་དང་དར་སྤེལ་བཟང་བོ་བྱེད་དགོས་པ་དང་།  དང་ལེན་བྱེད་ཕོད་པ་དང་སྒྲུབ་ཕོད་པ། དངོས་ཐོག་བདེན་འཚོལ་བྱེད་དགོས།  དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་བཟང་བོར་བསྒྲུབ་སྟེ་དམག་མིའི་ཁྱིམ་ཚང་གི་དངོས་ཡོད་དཀའ་གནད་མགྱོགས་མྱུར་སྒོས་ཐག་གཅོད་པ་དང་།  དམག་ཁོངས་ནས་ཕྱིར་བུད་པའི་དམིག་མིའི་གཟི་བརྗིད་ཚོར་ཐུབ་པར་བྱས་ནས་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ལས་རིགས་སུ་འགྱུར་བར་བྱེད་དགོས།  དོན་དངོས་དང་མཐུན་པའི་སྒོ་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་ལྟར་ཁྱབ་ཁོངས་སོ་སོའི་ཚད་ལྡན་ཅན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ།  ཆེད་ལས་ཞིབ་དཔྱད་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱེད་པ།  ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།  ཁྲོམ་རའི་སྒྲིག་ལམ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།   རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱིས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་གཞིར་བཟུང་ནས།  མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་མཉམ་འདྲེས་ཀྱིས་དྲ་ཚིགས་གཅིག་ནས་བྱ་བ་མཉམ་སྒྲུབ་བྱེད་པ་དང་། བྱ་བ་གཅིག་མཉམ་སྒྲུབ་བྱེད་པའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ་སྲིད་དོན་ཞབས་ཞུའི་སྟེགས་བུའི་རིམ་པ་བཞི་དང་མཉམ་འབྲེལ་བཞི་མགྱོགས་མྱུར་མངོན་འགྱུར་བྱེད་པ་དང་། མི་དམངས་མང་ཚོགས་དང་ཁེ་ལས་ཀྱི་བྱ་བ་བསྒྲུབ་པར་སྔར་ལས་སྟབས་བདེ་བཟོ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།