རྒྱལ་ཡོངས་ནགས་རྩྭའི་ལས་ཁུངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་བགྲོ་གླེང་སློབ་སྦྱོང་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་16ཉིན་རྒྱལ་ཡོངས་ནགས་རྩྭའི་ལས་ཁུངས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་བགྲོ་གླེང་སློབ་སྦྱོང་ཚོགས་འདུ་དང་ཏང་ཨུའི་ཧྲུའུ་ཅི་གསོ་སྦྱོང་འཛིན་གྲྭ་མཚོ་ཤར་གྲོང་ཁྱེར་དུ་བསྡུས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཐེན་ཅིན་ཁྲེན་གྱིས་གསུངས་དོན། ད་ཐེངས་ཀྱི་ཚོགས་འདུ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བཞིན་ཡོད་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པའི་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་རྟོགས་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་ནས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་བཅས་ཡིན་པའི”ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ། ས་ཞིང་བཅས་ཀྱི་མ་ལག་བཅོས་སྐྱོང་དང་ནགས་ཞིང་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཕྱོགས་ཡོངས་ནས་གཙང་གསུམ་འགོ་ཁུངས་དང་རི་བོ་མདོ་ལའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འབྲེལ་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་རྒྱབ་སྐྱོར་མཛུབ་ཁྲིད་འོག་ཐུན་མོང་ཐོག་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ནས་རྒྱལ་ཡོངས་ལ་དཔྱད་གཞི་དང་དཔྱད་གཞིར་འཛིན་ཆོག་པའི་དཔེ་སྟོན་ཉམས་མྱོང་དེ་བས་མང་པོ་མཁོ་འདོན་བྱེད་དགོས་པར་བསྟན།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཏང་ཙུའུ་ཡི་ཁོངས་མི། ཅུའུ་ཀྲང་གཞོན་པ། ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡུང་ལི་བཅས་ཀྱིས་ཏང་གི་ཆེད་དོན་སློབ་ཁྲིད་བྱས་པ་དང་། ཞིང་ཆེན་ནགས་ལས་ཅུས་ཀྱི་འགན་འཁུར་བས་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།