རྨ་ལྷོ་ཁུལ་གྱིས་རེས་སྐོར་གསར་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་15ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་རྨ་ལྷོ་ཁུལ་དུ་མཐུན་སྦྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྐུལ་སློང་ཚོགས་འདུ་དངཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབསཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་རེས་སྐོར་གསར་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་འབྲེལ་ཡོད་ལས་དོན་སྣེ་ལེན་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལ་སྣེ་ལེན་ཞུ་རྒྱུ་དེ་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱེད་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། “ཕྱིར་མིག་ལྟ་བར”ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་“བསྐྱར་བཤེར”བྱེད་པ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་རྨ་ལྷོ་ཁུལ་དུ་ལས་ཀ་གཉེར་བའི་རིང་གི་ལས་དོན་ཁག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་དག་ཐེར་ལས་དོན་ཁྲོད་ཀྱི་ཞན་ཆར་དམ་པོར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དེ་བས་ནུས་ལྡན་གྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལྟ་ཞིབ་ཚོགས་ཆུང་གི་ཞིབ་བཤེར་ཁྱོན་ཡོངས་ནས་དང་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།