ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱིས2019ལོའི“འཆམ་མཐུན་རྟགས་མའི”མི་རིགས་མཐུན་སྒྲིལ་རྟ་རྒྱུག་འགྲན་ཚོགས་དང་རྩྭ་ཐང་ཡུལ་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་རོལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ། ཀླུ་འབུམ་ཚེ་རིང་། ཚེ་མཁར་རྒྱལ།)ཟླ7པའི་ཚེས15ཉིན། འཕྲང་དམར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་ཡིས་རོགས་སྒྲུབ་བྱས་པའི2019ལོའི་འཕྲང་དམར་གྲོང་རྡལ“འཆམ་མཐུན་རྟགས་མའི”མི་རིགས་མཐུན་སྒྲིལ་རྟ་རྒྱུག་འགྲན་ཚོགས་དང་རྩྭ་ཐང་ཡུལ་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ཁྲི་ཀ་རྗོང་འཕྲང་དམར་གྲོང་རྡལ་གཡག་རྒྱང་ཐང་དུ་འཚོགས། ཐེངས་འདིའི་མཛད་སྒོར་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རྡོ་ཁོ་ཡིས་འགོ་འཛིན་བྱས་པ་དང་། ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་དཀོན་མཆོག་ནོར་བུས་གཏམ་བཤད་སྤེལ། རྫོང་དང་ཤང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དུས་ཆེན་ལ་ཞུགས་ཡོད་པ་རེད། 

6a66dc948bbdf41c1073b9236c62bd84.jpg

ཏང་ཀྲི་པུའུ་ཧྲུའུ་ཅིའི་རུ་ཁག་དང་། སྡེ་དཔོན་རུ་ཁག  སྡེ་བའི་རྩིས་གཉེར་བ་དང་ཐོན་ཀྲི་པུའུ་ཧྲུའུ་ཅིའི་རུ་ཁག   སྡེ་བའི་བུད་མེད་མཉམ་འབྲེལ་ཚོགས་པའི་རུ་ཁག སྡེ་སྡོད་ལས་བྱེད་པའི་རུ་ཁག གྲོང་རྡལ་ལས་བྱེད་པའི་རུ་ཁག དམངས་གླུ་ཚོགས་པའི་རུ་ཁག  གཏམ་བཤད་རུ་ཁག རྟ་རྒྱུག་རུ་ཁག་སོགས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་རུ་ཕྲེང་བསྒྲིགས་ནས་ཡུལ་མི་ཚོ་དང་ལྷན་དུ་དུས་ཆེན་གྱི་ཡོལ་བ་ཡོངས་སུ་ཕྱེས་ཤིང་། ཞབས་བྲོ་དང་གླུ་གཞས་རྡུང་ལེན། རྟ་རྒྱུག རི་གླུ་འགྲན་བསྡུར་སོགས་མི་རིགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་མ་ཡལ་བའི་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས།

77fc5e6f091f3ef1790bffb65a9c5570.jpg

ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རྡོ་ཁོ་ཡིས་འགོ་འཛིན་བྱེད་བཞིན་པ།

bdfff084e72b453ffe343ffae115eff2.jpg

ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་དཀོན་མཆོག་ནོར་བུས་གཏམ་བཤད་སྤེལ་བཞིན་པ།

ཐེངས་འདིའི་དུས་སྟོན་གྱི་བརྗོད་བྱ་གཙོ་བོ་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ།  དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལས་རྒྱལ་བ། རྒྱལ་ཁབ་ཚུགས་ནས་ལོ 70འཁོར་བར་དྲན་གསོ་ཞུ་བ།  མཚོ་སྔོན་དང་ཁྲི་ཀ་བཅིངས་འགྲོལ་བྱས་ནས་ལོ70འཁོར་བར་དྲན་གསོ་ཞུ་བ། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་རྡལ་གསར་འཛུགས་གྲུབ་འབྲས་སྲ་བརྟན་དུ་གཏོང་པ”བཅས་ཡིན་པ་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་ཁྲི་ཀ་རྫོང་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “མཛེས་སྡུག་ལྡན་པའི་འཚོ་བར”འབོད་སྐུལ་བྱེད་པ། དམངས་ཁྲོད་རིག་གནས་ཐོན་ཁུངས་སྔར་བས་སྔོག་འདོན་དང་འགྲེམས་སྟོན་བྱེད་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་གཏོང་བ་བཅས་བརྒྱུད་ནས་ཁྲི་ཀའི་ས་གནས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། རྩྭ་ཐང་རིག་གནས་སྤུས་དག་ངང་གསར་བཏོད་བྱེད་པ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མཐོར་འདེགས་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་དགེ་མཚན་དང་ཕན་ནུས་བླ་ན་མཐོ་བར་སྣང་ངོ་། །

b36644f6643e775801f00500dbe3c325.jpg

འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་དཀོན་མཆོག་ནོར་བུས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ང་ཚོ་གཞི་རིམ་མང་ཚོགས་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཏེ་རླབས་ཆེན་ཏང་གི་བཀའ་དྲིན་དྲན་པ་དང་ཏང་ལ་དྲིན་གཟོ་ཞུ་བ། ཏང་གི་རྗེས་སྙེག་པ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ། བློ་མཐུན་ཞི་ཆིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་ལ་ཕུན་སུམ་ཇེ་ཚོགས་ཡིན་པ་ཡིད་ལ་བརྟན་པོར་བཅངས་ནས། འཕྲང་དམར་གྲོང་རྡལ་གྱིས་ཐེངས་འདིའི་“འཆམ་མཐུན་རྟགས་མའི”མི་རིགས་མཐུན་སྒྲིལ་རྟ་རྒྱུག་འགྲན་ཚོགས་དང་རྩྭ་ཐང་ཡུལ་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འདི་རོལ་བ་ཡིན་ཟེར།

40ba6b9e34c5bfc1e91e71590dd4438d.jpg

3714e26648fff65c9b790a9621041271.jpg

0f577a3fdb63921b354a12b9ed20d94f.jpg

dd901ff16b8089a5af22b260cca92eaf.jpg

92e654da4b8d22f9b95d3e347d818e87.jpg

f4ecb84bdcfed23775edc82482dcb44d.jpg

0261d792084e57657e87cf159cf8c7f8.jpg

1cf0978c3ad45956f2f1b49a8e97568c.jpg

3aaad5d643bbb67adfd82f625188eefa.jpg

067afd894a4618a2dfe8514dfce10f8e.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།