ཁོང་ཡུང་གིས་ཁྲི་ཀ་རྫོང་གི་ཆུ་ལོག་འགོག་པའི་བྱ་བའི་ཐད་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཁྲི་ཀ་རྫོང་དུ་སོང་ནས་རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་པའི་བྱ་བར་རྟོག་ཞིབ་བྱས་པ་དང་། གནས་སྐབས་ཀྱི་སྡོད་སའི་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད་། གོ་རིམ་རྗེས་མའི་བདེ་འཇགས་ཆུ་འགོག་བྱ་བའི་ཐད་ནས་རེ་བ་བཏོན།

ཁོང་ཡུང་གིས་རྨ་ཆུའི་གཞུང་རྒྱུན་གྱི་ཨ་སྐོང་བར་མཚམས་ཀྱི་བཞུར་རྒྱུན་སོགས་ཀྱི་ཆུ་འགོག་ཆུ་རགས་སྲ་བརྟན་དུ་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གནོད་འཚེ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། ཡུལ་དངོས་སུ་སོང་ནས་མ་ནི་ཐང་ཆེན་དང་ཟོ་ཆུན་འཁོར་ལོ་ཐང་ཆེན་སོགས་ས་ཆའི་ཆུ་ལོག་འགོག་པའི་གནས་ཚུལ་དང་འཕྲལ་བསྟུན་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་ཡུང་གིས་ཆུ་རགས་འགོག་སྲུང་སྒྲིག་ཆས་འཛུགས་སྐྲུན་དང་ཆུ་འགོག་གྲ་སྒྲིག་བྱ་བ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔར་ཆུ་ལོག་རྒྱས་པའི་དུས་སྐབས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆུ་ལོག་འགོག་པའི་བྱ་བའི་གནས་ཚུལ་ཛ་དྲག་ཆེ་ལ། ལས་འགན་ཧ་ཅང་ལྕི་བས། འབྲེལ་ཡོད་སྡེ་ཁག་གིས་དུས་ནམ་ཡང་ཆུ་ལོག་རྒྱས་པའི་དུས་སྐབས་ཀྱི་ཆུ་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ལྷོད་གཡེང་དང་སྟབས་ལེགས་ཀྱི་བསམ་པ་མེད་པར་བྱེད་པ། མི་དམངས་གཙོར་བྱས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ། ཆུ་ལོག་འགོག་པ་དང་གནོད་སྐྱོབ་གནོད་འགོག་བྱ་བ་བཟང་བོར་བསྒྲུབ་པ། ཁ་གཏད་འཇལ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཆུ་ལོག་འགོག་པའི་བྱ་བར་ཁག་ཐེག་བྱེད་པ་དང་། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།