རྒྱལ་ཡོངས་ཀྱི་མཐོ་སྒང་གི་ཐག་ཉེའི་སྐྱེལ་འདྲེན་ཕྱོགས་གཉིས་ནས་འཕུར་སྐྱོད་བྱེད་པའི་མཁའ་ལམ་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུ་ཤར་གཏོང་དང་གཉེར་སྐྱོང་བྱས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་10ཉིན། རྒྱལ་པོ་350རྟགས་ཅན་གྱི་གནམ་གྲུ་ཞིག་གཏེར་ལེན་ཁ་གནམ་ཐང་ནས་འཕུར་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་དང་། ན་གོར་མོ། ཧྭ་ཐུའུ་ཀོའུ་བཅས་གནམ་ཐང་གསུམ་གྱི་ཐག་ཉེའི་སྐྱེལ་འདྲེན་ཕྱོགས་གཉིས་ནས་འཕུར་སྐྱོད་བྱེད་པའི་མཁའ་ལམ་དངོས་སུ་ཤར་གཏོང་དང་གཉེར་སྐྱོང་བྱས་པ་མཚོན་ཡོད། མཁའ་ལམ་འདི་ནི་རྒྱལ་ཡོངས་ཀྱི་མཐོ་སྒང་གི་ཐག་ཉེའི་སྐྱེལ་འདྲེན་མཁའ་ལམ་ཐོག་མ་དེ་རེད་ལ། རྒྱལ་ཡོངས་ཀྱི་གནམ་ཐང་གསུམ་བར་ཕྱོགས་གཉིས་ནས་འཕུར་སྐྱོད་བྱེད་པའི་མཁའ་ལམ་ཐོག་མ་དེའང་རེད་འདུག

F201907121252250236701787.jpg

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།