མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཆུ་ཚད་མཐོན་པོའི་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་བཅོས་སྒྱུར་གྱི་ཇུས་གཞི་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པ། མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་བྱ་བ་སྣ་ཚོགས་བཅས་ལ་ཞིབ་འཇུག་དང་ལག་བསྟར་བྱས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་དང་རླབས་ཆེན་གྱི་རང་ཉིད་གསར་བརྗེ་སྤེལ་བའི་ཡུན་རིང་གི་བརྗོད་དོན་ཡིན་ལ། མཚོ་སྔོན་གྱི་བྱ་བ་གཉེར་བའི་རྨང་གཞི་ཡིན། མཚོ་སྔོན་གྱིས་བཅོས་སྒྱུར་དང་སྒོ་འབྱེད་མ་བྱས་ན་འཕེལ་རྒྱས་སུ་གཏོང་མི་ཐུབ་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་མཐུན་སྦྱོར་དང་ལྗང་མདོག་སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། བབ་བསྟུན་སྣེ་ཁྲིད་བྱེད་པ། གཅིག་གྱུར་འཆར་འགོད་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་གོ་རིམ་ཞིག་ཡིན་པ་དང་། མཚོ་སྔོན་གྱི་བྱ་བའི་ཐད་ནས་རྨང་གཞི་བརྟན་པོ་འདིང་རྒྱུ་ནི་ཧ་ཅང་གལ་ཆེ། དུས་དང་གནས་བབ་ལ་བསྟུན་པ་དང་། ཆོས་ཉིད་གཞིར་བཟུང་ནས་བྱ་བ་བསྒྲུབ་པ། ཁུལ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། བརྗེ་རེས་མཉམ་བསྲེས་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་འབྲེལ་ཡོད་སྡེ་ཁག་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་འགྲོ་སོང་སྔོན་རྩིས་དང་སྲིད་ཇུས་ཐད་རྒྱ་བསྐྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱིས་སློབ་སྔོན་སློབ་གསོའི་བཅོས་སྒྱུར་ཟབ་སྤེལ་ཚད་ལྡན་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་འགའ་ལག་བསྟར་བྱེད་པའི་བྱ་བའི་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།