མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་བརྗོད་དོན་སློབ་གསོའི་བྱ་བར་ཆེད་དུ་ཞིབ་འཇུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བྱ་བར་ཆེད་དུ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ནས་གྲོས་ཚོགས་བསྡུས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་ལེགས་བཅོས་བཅས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པའི་སྐོར་གྱི་མཛུབ་སྟོན་གྲོས་གཞི་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོའི་ཆེད་དོན་བཅོས་སྐྱོང་བྱ་བའི་ཇུས་གཞི་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བམས་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་ལས་ཁུངས་ཀྱི་བསམ་བློ་དང་བྱ་བ། སྤྱོད་ཚུལ་བཅས་ཐད་ཀྱི་གནད་དོན་ཐག་གཅོད་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རིམ་སྔོན་མིའི་བྱ་བ་སྤེལ་བའི་གནས་ཚུལ་ལ་སྤྱི་སྡོམ་ནན་མོ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ལས་འགན་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། སྐུལ་འདེད་མཛུབ་ཁྲིད་ལ་ཤུགས་སྣོན་པ། སློབ་སྦྱོང་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོའི་ཐད་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཁྱད་ཆོས་མངོན་གསལ་ལྡན་པ། གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།