མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།

མཚོ་སྔོན་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཟླ་བདུན་པའི་ཚེས་བཞི་ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི། ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི། ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོ་དང་གཞུང་སྒྲུབ་ཐིན་གྱི་འགན་ཁུར་བློ་མཐུན་བཅས་དཔེ་ཀློག་འཛིན་གྲྭར་ཞུགས།

ཀྲང་ཀོང་རོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་དུས་རིམ་སྔོན་མའི་བརྗོད་དོན་སློབ་གསོས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱས་པ་དང་སློབ་སྦྱོང་ནན་མོ་དང་གཏིང་ཟབ་བྱས་ལ། གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱས་པ་དང་། བྱ་བ་བརྟན་བརླིང་ངང་སྤེལ་བ་དང་གྲུབ་འབྲས་བཟང་བོ་བླངས། གོ་རིམ་རྗེས་མར། མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་། མ་རྩོམ་དང་མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་པ་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་ལྟ་ཚུལ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས། གོ་དོན་མཐིལ་རྟོགས་དང་ཡིད་ཆེས་བྱེད་དགོས། སྦྱངས་པ་གོ་ཆོད་པར་བྱེད་པ་དང་། བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱེད་པ། མིག་སྔའི་བྱ་བ་གཙོ་གནད་དུ་འཛིན་པ། ཕྱོགས་གཉིས་ཀ་དམ་འཛིན་བྱེད་པ་དང་འཐུས་ཤོར་མི་འབྱུང་བ་གཉིས། སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱེད་པ། གཙོ་གནད་གཅིག་དང་འཆར་འགོད་གཉིས་དང་དམ་དུ་དམིགས་པ། གྲུབ་འབྲས་དང་ཁྱད་ཆོས་ལ་སྤྱི་སྡོམ་བྱེད་པ། གནད་དོན་དང་མི་འདང་ས་བཙལ་ནས། སྤྱི་ཁོག་ནས་དམངས་འཐུས་ཚོགས་ཆེན་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།