ཀུའུ་ཞིག་ལེན་གྱིས་མཚོ་སྔོན་གྱི་བཅའ་ཁྲིམས་རོགས་སྐྱོར་དང་གཞི་རིམ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ཐད་ནས་ཆེད་དོན་རྟོག་ཞིབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཟླ་བདུན་པའི་ཚེས་གསུམ་ཉིན་དང་ཚེས་བཞི་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་སྔོན་ཆད་ཀྱི་མཚན་འཛིན་ལས་འཛིན་དཔོན་པོ་ཀུའུ་ཞིག་ལེན་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། བཅའ་ཁྲིམས་རོགས་སྐྱོར་དང་གཞི་རིམ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་སོགས་གནས་ཚུལ་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧྥུའུ་ཀྲིན་ཧྭ་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་པད་མ། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཀྲིན་ཡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ། ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་པོ་ཀྲང་ཡན་ཀྲིན་བཅས་སོ་སོར་འབྲེལ་ཡོད་རྟོག་ཞིབ་བྱ་འགུལ་ལ་ཞུགས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཀུའུ་ཞིག་ལེན་སོགས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དབྱི་སི་ལན་སྲང་ལམ་ཁྲིམས་འཛིན་ཁང་དུ་སོང་ནས། མི་དམངས་བར་འདུམ་དང་གཞི་རིམ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་བྱ་བའི་ཐད་ནས་ཆེད་དོན་རྟོག་ཞིབ་བྱས་པ་མ་ཟད། ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་འགུལ་སྐྱོད་ཀྱི2018ལོའི་སྤྱི་སྡོམ་དང2019ལོའི་འགོ་རྩོམ་པའི་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོ་སྟེང་། ཆེད་དོན་གློག་བརྙན་ལ་བལྟས་པར་མ་ཟད་ཁྲིམས་རྩོད་པའི་དང་བླངས་པའི་གཏམ་བཤད་ལ་ཉན་རྗེས། ཀུའུ་ཞིག་ལེན་གྱིས་ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པས་སྤྱི་ཚོགས་འདྲ་མཉམ་དྲང་གཞག་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས།

ཀུའུ་ཞིག་ལེན་གྱིས་བསྟན་དོན། བཅའ་ཁྲིམས་རོགས་སྐྱོར་ནི་རང་རྒྱལ་གྱི་བཅའ་ཁྲིམས་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བཅའ་ཁྲིམས་རོགས་སྐྱོར་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་འགུལ་སྐྱོད་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཁྲོད་ཞུགས་པ་དང་། སྤུས་ལེགས་ཕན་མཐོ་ཡི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད་དེ། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། བཅའ་ཁྲིམས་རོགས་སྐྱོར་དེ་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱ་བའི་ཚོང་རྟགས་གལ་ཆེན་དུ་གྱུར་ཡོད་པས། ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། གསར་སྤེལ་གསར་གཏོད་བྱེད་པ། རྒྱུན་མཐུད་ངང་སྤེལ་བ་དང་རྒྱུན་མ་ཆད་པར་བཅའ་ཁྲིམས་རོགས་སྐྱོར་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།