མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང“རྒྱལ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་ནས་སོན་བཟང་པོ་གསོ་སྤེལ་རྟེན་གཞིར”གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུས་ཁས་ལེན་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་“རྒྱལ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་སྐོར་གཉིས་པར”ངོས་འཛིན་བྱས་པ་རེད། 

རྒྱལ་ཁབ་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་ནི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འབྲུ་རིགས་དང་། དཔལ་འབྱོར། ཁྱད་ལྡན་སྐྱེ་དངོས་ཐོན་ལས་བཅས་སྐྱོན་བྲལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལེགས་ཆའི་ས་བོན་གསོ་སྤེལ་རྟེན་གཞིར་ཡུན་རིང་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད། ངོས་འཛིན་གཏན་འཁེལ་བྱས་པའི་རྒྱལ་ཁབ་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་ནི་རྒྱལ་ཁབ་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་རིམ་སྤོར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་རོགས་སྐྱོར་ཁྱབ་ཁོངས་ནང་བཞག་ཡོད་པས། ཕན་འབྲས་ཡོད་པའི་སྒོ་ནས་ནོར་སྲིད་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་ལེགས་ཆ་ལྡན་པའི་སོན་བཟང་གསོ་སྤེལ་རྟེན་གཞིར་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད་ལ།  ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་གསོ་སྤེལ་རྟེན་གཞི་དེ་ཕན་འབྲས་ལྡན་པའི་སྒོ་ནས་གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན། གཅིག་སྡུད་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་སོགས་ལ་དོན་སྙིང་གལ་ཆེན་ལྡན།    །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།