མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་ཐོག་མའི་བསམ་འདུན་ནན་སྲུང་བྱས་པའི་རྨང་གཞིའི་སྟེང་ནས་ཡང་བསྐྱར་ལམ་ལ་ཆས་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་འོས་འགན་འཁུར་ཕོད་པ་ཞེས་པ་བརྗོད་དོན་དུ་བཟུང་ནས་ཏང་གི་སློབ་ཁྲིད་བྱས་པར་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་ནས་བླང་བྱ་མངོན་གསལ་བཏོན།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་། རྒྱ་ཆེ་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོག་མའི་བསམ་འདུན་ནན་སྲུང་བྱས་ཏེ། ཡང་བསྐྱར་དྲག་ཆས་སྤྲས་རྒྱུ་དང་ཡང་བསྐྱར་ལམ་ལ་འབུད་པ། ཡང་བསྐྱར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་བ་མངོན་འགྱུར་བྱེད་དགོས། ཐོག་མའི་བསམ་འདུན་ནན་སྲུང་དང་འགན་འཁྲི་འཁུར་ཕོད་པར་བྱེད་པ་ལ་ཅིས་ཀྱང་། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་ལྟེ་བ་ཡིན་པའི་ཆབ་སྲིད་ལངས་ཕྱོགས་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་དགོས། སྤྱོད་བཟང་ནན་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རང་ཉིད་གསར་བརྗེ་ཡི་སྙིང་སྟོབས་ལ་བརྟེན་ནས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྒྱུན་འཛིན་གྱི་ཁྲོད་ནས་གསར་གཏོད་བྱེད་པ་རྒྱུན་འཁྱོངས་དང་གསར་གཏོད་ཀྱི་ཁྲོད་ནས་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས། ཕུགས་བསམ་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། འགན་འཁུར་ཕོད་པའི་བྱེད་ཕྱོགས་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ཉིད་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་ཕྱོགས་དྲུག་གི་སྟོབས་ཤུགས་མཉམ་བསྡུ་བྱས་ནས་མཐོར་འདེགས་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།