མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཏང་གི་མཉམ་འདྲེས་སྨྱན་སྦྱོར་ཁག་གི“རླབས་ཆེ་བའི་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་གྱི་བཀའ་དྲིན་དྲན་པའི” 411དམིགས་བསལ་བཅར་འདྲི་བྱེད་སྒོ་མཚོ་ལྷོ་རུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། བསོད་ནམས་རྒྱལ།)སྤྱི་ཟླ་7པའི་ཚེས་3ཉིན་གྱི་ཞོགས་པར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲ་འཕྲིན་གཞུང་སྒྲུབ་ཁང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཏང་གི་མཉམ་འདྲེས་སྨྱན་སྦྱོར་ཁག་གི“རླབས་ཆེ་བའི་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་གྱི་བཀའ་དྲིན་དྲན་པའི” 411དམིགས་བསལ་བཅར་འདྲི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་གནས་སྨྱན་སྦྱོར་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ། 

1562202615155739.jpg

འགོ་ཚུགས་མཛད་སྒོར་ཞིང་ཆེན་ཏང་ཨུ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ཞུང་དང་། ཞིང་ཆེན་ཏང་ཨུ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་དྲ་རྒྱའི་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝུའེ་ཡིའུ་ལིང་། མཚོ་ལྷོ་ཁུལ་ཏང་ཨུ་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཁུལ་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀེ་ཝུན་ཅུན། ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རེན་པེ་སོགས་དང་དེ་བཞིན་མི་དམངས་དྲ་བ་དང་ཤིན་ཧྭ་དྲ་བ། འོད་གསལ་ཚགས་པར་སོགས་ཀྲུང་དབྱང་སྨན་སྦྱོར་ཁག་གི་གསར་འགོད་པ་དང་མཚོ་སྔོན་ཉིན་རེའི་ཚགས་པར་སོགས་ཞིང་ཆེན་ནང་ཁུལ་གྱི་གསར་འགོད་པ་མང་བོ་ཞུགས་ཡོད་པ་རེད། 

1562202615168299.jpg

ཞིང་ཆེན་ཏང་ཨུ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ཞུང་གིས་གཏམ་བཤད་གནང་བཞིན་པ། 

གསར་འགྱུར་སྨྱན་སྦྱོར་ཁག་གི“མཚར་སྡུག་གི་ལོ་ངོ་བདུན་ཅུ། མདུན་སྐྱོད་ཀྱི་དུས་རབས་གསར་བའི”ཡུལ་དངོས་བརྟག་ཞིབ་བྱེད་པའི་བཅར་འདྲི་བྱེད་སྒོ་སྤེལ་བ་བརྒྱུད། “སྟོབས་ཤུགས་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྨྱན་སྦྱོར་མཉམ་འདྲེས་ཀྱི་བརྒྱུད་སྤེལ་ལེགས་ཆ་གང་ལེགས་སྤྱད་དེ་མཚོ་ལྷོའི་གཏམ་རྒྱུད་བཤད་པ། མཚོ་ལྷོ་ཁུལ་གྱི་ལོ་70རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་མཚོན་རྒྱུ་རེད། ཞིང་ཆེན་ཏང་ཨུ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཏང་གི་མཉམ་འདྲེས་སྨྱན་སྦྱོར་ཁག་གི“རླབས་ཆེ་བའི་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་གྱི་བཀའ་དྲིན་དྲན་པའི” 411གི་དམིགས་བསལ་བཅར་འདྲི་བྱེད་སྒོ་སྤེལ་ནས་མཚོ་ལྷོ་གུང་ཧོ་དང་ཞིན་ཧའེ། ཐུན་ཏེ། ཀོས་ནན། ཁྲི་ཀ་བཅས་རྫོང་ལྔར་བཅར་འདྲི་བྱེད་དུ་འགྲོ་རྒྱུ་ཡིན་པ་རེད། 

1562202615263296.jpg

མཚོ་ལྷོ་ཁུལ་གྱི་ས་ཁོངས་ཧྲིལ་པོར་རྨ་ཆུ་སྤྱི་ལེ་411རྒྱུག་བཞིན་ཡོད་པ་ལ། གངས་རི་དང་རྩྭ་ཐང་། བྱེ་ཐང་དང་གྲོག་རོང་བཅས་ས་གཤིས་རྣམ་པ་མི་འདྲ་བ་ལྡན་པའི་ཁུལ་འདིར། ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པ་དང་། མཛེས་ལྗོངས་དང་ཐོན་ཁུངས་ཕུན་སུམ་ཚོགས། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀི་ཝུན་ཅུན་གྱིས་“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཡིད་ཆེས་ཆེས་ཆེར་འཕར་བ་དང་། མ་ཡུམ་གཙང་པོ་དེ་དུས་རབས་གསར་པའི་ཉི་འོད་འོག་སྔར་བས་མཛེས་སྡུག་ལྡན་པར་བསྐྲུན་དགོས”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བཅར་འདྲི་བྱེད་སྒོ་ནི་ད་ལོའི་མཚོ་ལྷོ་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བ་དང་ཚད་རིམ་ཅུང་མཐོ་བའི་ཆེད་སྒྲིག་རང་བཞིན་གྱི་བཅར་འདྲི་བྱེད་སྒོ་ཞིག་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཏང་གི་མཉམ་འདྲེས་སྨྱན་སྦྱོར་ཁག་གི་བཅར་འདྲི་བྱེད་སྒོ་ཐོག་མའང་་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།