རྡོ་རྗེ་རབ་བརྟན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྐོར་ནས་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ཉམས་སད་ལྔ་ཐེག་ཐུབ་པའི་ཏང་ཡོན་ལས་བྱེད་པ་ཡི་དཔུང་སྡེ་བསྐྲུན་པར་འབད་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས། ཞིང་ཆེན་སྲིད་གྲོས་ཀྱི་ལས་ཁུངས་སུ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

རྡོ་རྗེ་རབ་བརྟན་གྱིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་ཁབ་ས་ཁམས་ཐིག་ལེན་རིས་འབྲི་ཆ་འཕྲིན་ཅུའུ་ས་ཁམས་ཐིག་ལེན་རུ་ཁག་དང་པོའི་རུ་མི་རྒན་པ་དྲུག་དང་ཏང་ཡོན་རྒན་པར་ཡིག་ལན་བསྐུར་གནང་མཛད་པ་ནས་ཁྲིད་འགོ་བརྩམས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་བཏོན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་གྱི་རྒྱས་བཤད་གལ་ཆེན་སྒྲོག་འགྲེལ་བྱས་ཏེ། ཀུན་གྱི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་གྱི་ངོས་ཟིན་སྔར་ལས་ཇེ་མཐོར་བཏང་།

རྡོ་རྗེ་རབ་བརྟན་གྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་འབྱུང་ཁུངས་ནང་དོན་སྐོར་ལ་དབྱེ་ཞིབ་བྱེད་སྐབས་བཤད་རྒྱུར། གཞུང་ལུགས་ཀྱི་ངོས་ནས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་གཞུང་ལུགས་ཀྱི་འབྱུང་ཁུངས་ནི་མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་བཅིངས་འགྲོལ་བྱེད་པར་བརྩོན་པའི་རྒྱང་རིང་གི་དམིགས་འབེན་དེ་ཡིན་པར་མ་ཟད། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་བླ་མེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཡིད་ཆེས་ཀྱང་ཡིན། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། ཀྲུང་ཧྭའི་ཕུལ་བྱུང་སྲོག་རྒྱུན་རིག་གནས་དང་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་གཉིས་བར་ནང་གནས་གཅིག་མཐུན་གྱི་ཆ་ཡོད་ཅིང་། ཕན་ཚུན་གཅིག་འདུས་དང་གཅིག་འདྲེས་ངང་འཕེལ་རྒྱས་ཕྱིན་པའི་ཁྲོད་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་ལ་རིག་གནས་ཀྱི་ནང་བཅུད་རྒྱས་སུ་བཅུག་པ་ཡིན། ལག་ལེན་གྱི་ངོས་ནས་བལྟས་པ་ཡིན་ན། ང་ཚོ་ཏང་གིས་སྣེ་ཁྲིད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་དུས་ཡུན་ལོ་གོ་བརྒྱད་ཀྱི་རིང་ལ་ལོ་རྒྱུས་རང་བཞིན་གྱི་ཐོག་བརྒལ་ཆེན་པོ་གསུམ་བསྐྲུན་པས། གཞི་རྩའི་ཆ་ནས་ཏང་དང་མཉམ་གཅིག་ཏུ་ཐོག་མའི་བསམ་འདུན་མི་བརྗེད་པར་བྱས་ཏེ་འགན་འཁྲི་ཡིད་ལ་དམ་པོར་བཟུང་ཡོད་པར་མ་ཟད། ཕུགས་བསམ་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བ་ལས་གཞན། འབད་བརྩོན་ལྷོད་མེད་སྒོས་ཞུམ་མེད་མདུན་སྐྱོད་བྱེད་དང་བྱེད་མུས་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱས་ནས། རང་རྟོགས་སྒོས་བརྗོད་དོན་སློབ་གསོའི་དམིགས་འབེན་འགན་འཁྲིར་དམིགས་བཙུགས་ཏེ། ཞན་ཆ་དང་མི་འདང་ས་བཙལ་ནས་ལེགས་སྒྲིག་དངོས་འབེབས་བྱ་བར་ཤུགས་སྣོན་དགོས། ཤུགས་ཆེན་པོས་ཡིད་ཆེས་ཀྱི་ཉམས་སད་ཐེག་ཐུབ་ཅིང་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ། འགན་འཁྲིའི་ཉམས་སད་ཐེག་ཐུབ་པ། ནུས་པའི་ཉམས་སད་ཐེག་ཐུབ་པ། སྤྱོད་ལམ་གྱི་ཉམས་སད་ཐེག་ཐུབ་པའི་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ལེགས་པོ་ཞིག་འཁྱོངས་པར་སྦྱོང་བརྡར་བྱས་མཐར། སྲིད་གྲོས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ཚན་ཁག་བཞི་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་། ཏུའུ་ཅེ། མཱ་ཧའེ་དབྱིན། ཏུའུ་ཏི་ཀྲི། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཨུ་ཡོན་ཁ་ཤས། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་རྣམས་ཐེངས་འདིའི་སློབ་ཁྲིད་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།