མཱ་ཝེ་ཡིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་ཞིང་ཆེན་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་ཞིང་ཆེན་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱས་ཤིང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

མཱ་ཝེ་ཡིས་བསྟན་དོན། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བྱ་བ་ནི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ལྟ་སྐུལ་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། འཐུས་ཚབ་ཀྱི་བསམ་འཆར་གཙོ་བོར་ལྟ་སྐུལ་བྱེད་པའི་ལས་དོན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་ལྟར་སྲིད་འཛིན་པ། དུས་བསྟུན་མདུན་སྐྱོད་དང་བཅོས་སྒྱུར་གསར་གཏོད་ཀྱི་ལམ་ལུགས་ལག་ལེན་ལ་བརྟེན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་གཏུག་བཤེར་ལམ་ལུགས་ལེགས་པོ་ཞིག་འཚོལ་དཔྱོད་བྱེད་དགོས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཕན་གཏུག་བཤེར་ནི་ཁྱོན་ཡོངས་ནས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་མཚོ་སྔོན་བསྐྲུན་པའི་ནང་གནས་ཀྱི་བླང་བྱ་ཡང་ཡིན། དེ་མིན་ད་དུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཀྱང་ཡིན་པས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་སྤྱི་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། འདྲ་མཉམ་དྲང་གཞག་མངོན་འགྱུར་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་བླང་བྱ་ཆ་རྫོགས་པར་བསྐོང་བ་དང་ཞིབ་དཔྱོད་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ངེས་ཅན་ལྡན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།