​མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།

1.png 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཆིག་སྟོང་ལྷག་ཙམ་མཉམ་དུ་འཛོམས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ“དུས་རབས་ཀྱི་གླུ་དབྱངས་ལེན་ཞིང་།  རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་མཉམ་འཁྲབ་ཀྱི་འགོ་བརྩམས་པ་རེད། དེ་དང་ཆབས་ཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར98ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་ལ་བཅིངས་འགྲོལ་ཐོབ་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་ཕུལ། 

2.png

ཉེ་སྔོན་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་ཤེས་བྱའི་འགྲན་བསྡུར་དང་། ཏང་གླུ་བླངས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་སོགས“བདུན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། 

3.png

 ཟླ6པའི་ཚེས25ཉིན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་ལམ་སྲང་ལམ་དོན་སྒྲུབ་ཁང་སྡེ་ཁུལ་ཏང་ཨུད་ཀྱིས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་དང་སྡོད་དམངས་འཐུས་མི་རྩ་འཛུགས་བྱས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཨུད་རྩ་འཛུགས་པུའུ་དང་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་སྲིན་པོ་ལམ་སྡེ་ཁུལ་ཏང་ཀྲི་པུའུ་དང་མཉམ་དུ་བདེ་སྐྱིད་སྡེ་བར་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། 

4.png

ཏང་ཡོན་དང་གུང་གཞོན་ཚོགས་པའི་ཚོགས་མི་རྣམས་ཀྱིས་མཉམ་དུ་དམ་བཅའ་འཇོག་བཞིན་པའི་ཚུལ། 

“བདུན་གཅིག”དུས་ཆེན་སླེབས་ལ་ཉེ་སྐབས་སུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་སོགས་ཀྱིས་ཏང་ཡོན་དང་གུང་གཞོན་ཚོགས་མི་150ལྷག་ཙམ་རྩ་འཛུགས་བྱས་ཏེ་གྲོང་ཁྱེར་ལུས་རྩལ་ར་བ་ནས“ལང་ཚོའི་སེམས་པ་ཏང་ལ་ཕྱོགས་ཤིང་དུས་རབས་གསར་པར་བྱས་རྗེས་འཇོག་པ”བརྗོད་བྱ་གཙོ་བོར་བཟུང་བའི་ཏང་གླུ་ལེན་པའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་མཇུག་རྗོགས་རྗེས་ཏང་ཡོན་དང་གུང་གཞོན་ཚོགས་མི་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།