མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་བྱ་བའི་སྙན་ཞུ་ལ་ཉན་ལ། བརྗོད་དོན་སློབ་གསོའི་འབྲེལ་ཡོད་ཆེད་དོན་བཅོས་སྐྱོང་བྱ་བའི་ཇུས་གཞི་ལ་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འགོ་ཁྲིད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ནས་མིག་དཔེ་བསྟན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བརྗོད་དོན་སློབ་གསོ་ལ་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་པ་ཡིན་པས། སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་རང་རྟོགས་སྒོས་དཔེ་ལྟ་བྱེད་པ། ཁྱོན་ཡོངས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་བརྟན་སྲུང་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ལག་བསྟར་གཉིས་བཟང་བོར་བསྒྲུབ་པ། ཏང་ལ་ནམ་ཡང་སེམས་ཁུར་བྱེད་པའི་བསམ་པ་དང་ཏང་བསམ་པའི་འགན་འཁྲི་ཡོད་པར་བྱས་ཏེ། ཏང་ནང་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱིས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ལ་ཤུགས་སྣོན་རྒྱུ་ནི། བརྗོད་དོན་སློབ་གསོའི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་གནད་འགག་གི་བྱེད་ཐབས་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་ཚུལ་དང་བྱེད་ཐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སྐོར་ཞིབ་མཛུབ་སྟོན་བྱ་བ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་བབ་བསྟུན་མདུན་སྐྱོད་བྱེད་པ། སློབ་སྦྱོང་དང་ལག་ལེན། ལྟ་ཞིབ། དག་ཐེར་ལེགས་བཅོས་ཐད་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་པ། གནད་འགག་གྲངས་ཉུང་གིས་འགོ་ཁྲིད་པ་དང་གཞི་རིམ་གྱིས་ཧུར་ཐག་བྱེད་པའི་གཙོ་གནད་དམ་འཛིན་བྱེད་པ། སྤུས་ཚད་དང་ཕན་འབྲས་ལ་དོ་སྣང་བྱེད་པ། ཁུར་བོ་ཇེ་ཡང་དུ་གཏོང་བའི་རེ་བ་ལག་བསྟར་བཟང་བོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།